འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་8ཉིན།

༄༅།།ཨ་རིའི་དམག་དོན་གྲུ་གཟིངས་ལ་འཇབ་རྒོལ་ཕོག་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་08ཉིན། 14:30】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   དབྱི་སི་རལ་གྱི་སྨྱན་སྦྱོར་དུ་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་7ཉིན་ཡེ་མེན་གྱི་ཧུའུ་སའེ་དྲག་དཔུང་གིས་དབྱི་སི་རལ་ལ་མི་མེད་གནམ་གྲུ་ཞིག་འཕེན་གཏོང་བྱས་པ་དང་འབྲེལ་ཐེ་ལ་ཝེ་ཕུའུ་ས་ཁུལ་གྱི་“དམག་དོན་དམིགས་ཡིན་”ལ་རྡུང་རྡེག་བཏང་ཡོད་ཅེས་བཤད་པ་རེད།

   གནས་འཕྲིན་སྤེལ་བར་གཞིགས་ན། ཧུའུ་སའེ་དྲག་དཔུང་གིས་མཚོ་དམར་དུ་ཡོད་པའི་ཨ་རིའི་མཐུད་འདེད་གྲུ་གཟིངས་གཉིས་ལ་འཕུར་མདེལ་དང་མི་མེད་གནམ་གྲུ་མང་པོ་འཕེན་གཏོང་བྱས་ཡོད་ཅེས་བཤད་པ་རེད།

   ད་ལྟ་ཨ་རི་ཕྱོགས་ཀྱིས་དེའི་ཐད་གནས་སྐབས་ལན་བརྒྱབ་མེད།