འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་10ཉིན།

༄༅།།ཀྲུང་མའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་10ཉིན། 09:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་མ་ལེ་ཞི་ཡའི་གྲོང་ཁྱེར་ཀོན་ཏན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་མ་ལེ་ཞི་ཡའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་མ་ལེ་ཞི་ཡའི་ཕེང་ཧེང་ཀྲོའུ་ཡི་གྲོང་ཁྱེར་ལྟེ་གནས་ཀོན་ཏན་དུ་བྱེད་འགོ་ཚུགས་ཡོད། འདི་ནི་ཀྲུང་མའི་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས་མ་ལེ་ཞི་ཡར་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་དེ་རེད།

   དེ་ཉིན་མི་དམངས་ཉིན་རེའི་ཚགས་པར་གྱིས་མ་ལེ་ཞི་ཡའི《ཤིང་ཀྲོའུ་ཉིན་རེའི་ཚགས་པར》དང་། 《གཟའ་འཁོར་རེའི་ཚགས་པར》 《ལྷོ་རྒྱ་མཚོའི་ཚོང་འཕྲིན་ཚགས་པར》 ཨེ་ཤེ་ཡའི་ཧུང་ཏན་སྨྱན་སྦྱོར་བཅས་ཀྱི་གསར་འགོད་པས་ཀོན་ཏན་དུ་སྐྲུན་བཞིན་པའི་མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་རྣམ་གྲངས་ལ་བཅར་འདྲི་བྱེད་པར་བསྐྱོད་ཡོད། རྣམ་གྲངས་དེ་ཀྲུང་མ་རྒྱལ་ཁབ་གཉིས་ཀྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་སྤྱིའི་རིང་ཚད་སྤྱི་ལེ་665ལྷག་ཙམ་ཟིན་ནས་མ་ལེ་ཞི་ཡའི་ཀྲོའུ་4བསྒྲལ་ཡོད་ཅིང་། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་བསྐྲུན་འགན་འཁུར་བ་ཞིག་རེད། རྣམ་གྲངས་བསྐྲུན་རྗེས་མ་ལེ་ཞི་ཡའི་ཤར་རྒྱ་མཚོའི་ངོགས་ཀྱི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཀྱི་ཆུ་ཚད་ཀྱང་མཐོ་རུ་འགྲོ་རྒྱུ་རེད། སླད་ཕྱིན་མཉམ་འབྲེལ་བཅར་འདྲི་ཚོགས་པས་མ་ཀྲུང་ཀོན་ཏན་ཐོན་ལས་གླིང་དང་ཞ་མོན་སློབ་ཆེན་མ་ལེ་ཞི་ཡའི་ཡན་ལག་སློབ་གྲྭ་སོགས་ཀྱི་དངོས་སྒྲུབ་མཉམ་ལས་རྣམ་གྲངས་ལ་བཅར་འདྲི་བྱ་རྒྱུ་རེད།