གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་11ཉིན། 09:49】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་ཆར། མི་དམངས་ཉིན་རེའི་ཚགས་པར་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱས་པ་རེད། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཁམ་ཕུ་ཁྲེའི་གསར་འགྱུར་ཁང་དང་། ཀའོ་མེན་སྐབས་དོན་ཚགས་པར། ཁམ་ཕུ་ཁྲེའི་ལྷ་མོའི་བརྙན་འཕྲིན་ལས་ཁུངས། ཤིན་ཁོའེ་གྲངས་འཛིན་སྨྱན་སྦྱོར་སོགས་སྨྱན་སྦྱོར་གྱི་གསར་འགོད་པ་16དང་དེ་བཞིན་ཁམ་ཕུ་ཁྲེའི་རང་སྨྱན་སྦྱོར་གྱི་གྲགས་ཅན་གསར་རྩོམ་མཁན་དང་མཉམ་དུ་ཁམ་ཕུ་ཁྲེའི་ཞིང་ཆེན་6ཏུ་གནས་པའི་ཀྲུང་ཁམ་མཉམ་ལས་རྣམ་གྲངས་10ཡི་སྐོར་ལ་བཅར་འདྲི་བྱས་པ་དང་། དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དཔལ་འབྱོར་ཚོང་དོན་མཉམ་ལས། སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་ཚུད་ཡོད། མིག་སྔའི་བར་མཉམ་འབྲེལ་བཅར་འདྲི་ཚོགས་པས་ཡི་གེ་དང་། པར་རིས། བརྙན་ཐུང་སོགས་རྩོམ་ཡིག་70ལྷག་ཙམ་ཚགས་པར་དང་། དྲ་རྒྱ། བརྙན་འཕྲིན། འབྲེལ་ལ་སྨྱན་སྦྱོར་སོགས་ཀྱི་ལས་སྟེགས་སུ་བཏོན་ཡོད་པ་རེད།
ཁམ་ཕུ་ཁྲེའི་གསར་འགྱུར་པུའུ་ཡི་རྒྱལ་དོན་དྲུང་ཡིག་ཁེན·ཀུའུ་ནཱ་ཝ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་མཉམ་འབྲེལ་བཅར་འདྲིར་གཡུར་ཟའི་གྲུབ་འབྲས་ཐོབ་པ་ལས། རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱིས་ཁམ་ཀྲུང་མཉམ་ལས་འཕེལ་རྒྱས་འགྲོ་ཚུལ་ལ་ཤེས་རྟོགས་གཏིང་ཟབ་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད། འདི་ག་ཚགས་པར་གྱི་གསར་འགོད་པ། ཁྲེང་ཧྲེ་ཅེ་ཝུན།