འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་11ཉིན།

༄༅།།བོད་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་གསར་པ་ལས་ཀྲུང་ཧྭའི་ཤེལ་དཔལ་སྣ་མང་གཞི་གཅིག་གི་དོན་དངོས་ལ་བདེན་དཔང་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་11ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་འོན་ཅང་དོ་གནའ་ཤུལ་གྱི་ལྷོ་ནུབ་མཆོད་རྟེན་ཡིན་པ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པའི་པར)

འདི་ནི་འོན་ཅང་དོ་གནའ་ཤུལ་གྱི་ལྷོ་ནུབ་མཆོད་རྟེན་ཡིན་པ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པའི་པར)

    ཤིན་ཧྭ་གསར་འགྱུར་ཁང་དུ་ལྷ་ས་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་2024ལོའི་བོད་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་སྙན་ཞུའི་ཚོགས་འདུ་འཚོགས་ནས་ཟངས་དཀར་སྒང་གནའ་ཤུལ་དང་། ཤུ་མ་བྲག་ཕུག དགའ་ཉིད་གནའ་ཤུལ་སོགས“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོའི”རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་ཡོངས་བསྒྲགས་བྱས་པ་རེད།

འདི་ནི་མ་བུ་མཚོའི་གནའ་ཤུལ་གྱི་དུས་ཐེངས་དང་པོར་ས་འོག་ནས་ཐོན་པའི་དཔེ་མཚོན་གྱི་རུས་ཆས་དང་། རྡོ་ཆས། ཉ་ལྕིབས། འདྲེད་རྡོ་སོགས་ཡིན་པ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པའི་པར)

    ངོ་སྤྲོད་བྱས་པར་གཞིགས་ན། རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་བོའི་ཤུལ་ཚོགས་ཀྱི་རྣམ་གྲངས་ཟངས་དཀར་སྒང་གནའ་ཤུལ་དང་། ཤུ་མ་བྲག་ཕུག དགའ་ཉིད་གནའ་ཤུལ་བཅས་ཀྱི་གནའ་རྫས་ཤེས་རྟོགས་ཐུབ་པ་དེས་སྔ་དུས་མིའི་རིགས་ཀྱིས་མཚོ་བོད་ས་མཐོར་འཚོལ་ཞིབ་དང་འཚོ་གནས་ཀྱི་འཕེལ་རིམ་དང་འཚོ་ཐབས། དེ་བཞིན་ས་མཐོའི་མི་ཚོགས་དང་མཐའ་འཁོར་ས་ཁུལ་དབར་འགྲོ་འོང་སྤེལ་རེས་སོགས་ལ་འགྲེལ་བཤད་བྱེད་པར། གནའ་རྫས་རྟོག་ཞིབ་རིག་པའི་བདེན་དཔང་གལ་ཆེན་མཁོ་འདོན་བྱས་ཡོད།

འདི་ནི་གད་པ་གསེར་མདའ་བང་སོ་ནས་ཐོན་པའི་དུར་རྫས་ཤིང་མི་ཡིན་པ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པའི་པར)

འདི་ནི་གད་པ་གསེར་མདའ་བང་སོ་ནས་ཐོན་པའི་དུར་རྫས་ཤིང་མི་ཡིན་པ། (བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡིས་མཁོ་འདོན་བྱས་པའི་པར)