འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 13:56】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕ་ནོམ་ཕེན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་ཁམ་ཕུ་ཁྲེའི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཁམ་ཕུ་ཁྲེར་བྱས་ཤིང་། མཉམ་འབྲེལ་བཅར་འདྲི་ཚོགས་པ་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་དང་། ཤན་ལི། ཧྲང་ཏིང་། ཅུའུ་ཅིན་སོགས་སུ་བསྐྱོད་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་དངོས་སྒྲུབ་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་མང་པོ་ཞིག་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ་མ་ཟད། སྨན་བཅོས་དང་། ནུས་རྒྱུ། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་གྲུབ་འབྲས་ཤེས་རྟོགས་གཏིང་ཟབ་ཀྱང་བྱས་པ་རེད།

    མཉམ་འབྲེལ་བཅར་འདྲི་ཚོགས་པ་ས་ཚིགས་དང་པོ་སྟེ་ཕ་ནོམ་ཕེན་དུ་གནས་པའི་ཁའོ་སི་མ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་སྨན་ཁང་དུ་འབྱོར་ཞིང་། ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་དཔོན་ཁྲེན་ཧུང་ལིན་གྱིས། སྨན་བཅོས་རུ་ཁག་གིས་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་ལག་རྩལ་ཁམ་ཕུ་ཁྲེར་དྲངས་པས་ས་གནས་དེ་གའི་ནད་པ་དེ་བས་མང་བར་ཕན་པ་ཐོབ་ཡོད། ཤིས་ཧ་ནུ་ཁེ་ཞིང་ཆེན་དང་ཤིས་ཧ་ནུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་ཀྱིས་བཅར་འདྲི་ཚོགས་པར་བག་ཆགས་ཟབ་མོ་བཞག་ཡོད་ཅེས་ངོ་སྤྲོད་བྱས། དམིགས་བསལ་ཁུལ་གྱི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ལན་ཁྲི་ཡིས། ལོ་10ལྷག་ཙམ་རིང་། དམིགས་བསལ་ཁུལ་གྱིས་གསར་སྤེལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས། རྒྱལ་སྤྱི་ཅན་གྱི་ཆུ་ཚད་ལྡན་པའི་བཟོ་ལས་གླིང་ཁུལ་ཆགས་པ་དང་རིམ་རྩིས་བརྒྱབ་ན་ལས་ཞུགས་ལས་གནས་ཁྲི་3.2བཏོད་ཡོད་ཅེས་བརྗོད། ཧྲང་ཏིང་ཞིང་ཆེན་དུ་བཅར་འདྲི་ཚོགས་པས་ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་སང་ཧོ་རིམ་པ་གཉིས་པའི་ཆུ་ཤུགས་གློག་ཁང་གི་འབྲེལ་ཡོད་ལས་དོན་པར་བཅར་འདྲི་བྱས་ཤིང་། ཆུ་ཤུགས་གློག་ཁང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏེང་ཡུས་ལིན་གྱིས། མིག་སྔར་ཁམ་ཕུ་ཁྲེའི་ནུས་རྒྱུ་གཙང་མའི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་པའི་ཆུ་ཤུགས་གློག་ཁང་གིས་ཁམ་ཕུ་ཁྲེའི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ནུས་རྒྱུའི་རང་བརྟེན་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་ངོ་སྤྲོད་བྱས། བཅར་འདྲི་ཚོགས་པས་ད་དུང་ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་སོགས་ཀྱི་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པ་རེད། ཁམ་ཕུ་ཁྲེའི་དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་དོན་དྲུང་ཡིག་ཁྲུའུ་ཤན་ལི་ཝུའུ་ཀོ་རྒྱལ་སྤྱིའི་གནམ་ཐང་གི་འགན་འཁུར་བ་པོན·ལཱ་ཐ་ཡིས། གནམ་ཐང་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པ་དེས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་གནས་དེ་གའི་ལས་ཞུགས་ལས་གནས་མང་དུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ཡོད། ཁམ་ཕུ་ཁྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།