འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་14ཉིན།

༄༅།།ཡེ་ཤེས་ཟླ་བར་བརྟག་དཔྱད་བྱས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་14ཉིན། 14:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་གནས་འཕྲིན་ལ་གཞིགས་ན། སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཐིང་ཀྲང་ཡེ་ཤེས་ཟླ་བར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། རང་འགུལ་ངང་རང་ཉེས་ངོས་ལེན་བྱས་པ་དང་། མིག་སྔར་སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།