འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

ཚོང་དོན་པུས་བརྗོད་དོན།

༄༅།།རང་རྒྱལ་གྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཐོག་ཨ་རིས་ཀྲུང་གོར་སྒོ་ཁྲལ་སྔར་བས་མཐོ་རུ་བཏང་བའི་བྱེད་ཐབས་ལ་སླར་ཡང་ཞུ་གཏུག་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ་4ཚེས་10ཉིན་ཨ་རི་ཕྱོགས་ཀྱིས་སྲིད་འཛིན་བཀའ་རྒྱ་བཏང་ནས་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱས་པའི་ཐོན་རྫས་ལ“འདྲ་མཚུངས་ཀྱི་སྒོ་ཁྲལ”ཟེར་བ་སྔར་བས་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གཞི་སེལ་བའི་ལམ་སྲོལ་འོག་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་སྣོན་བསྡུའི་བྱེད་ཐབས་ལ་ཞུ་གཏུག་བརྒྱབ་ཡོད་ཅེས་བརྗོད་པ་རེད།

    མགྲིན་ཚབ་པས་ཨ་རི་ཕྱོགས་ཀྱི་ཁྲལ་བསྡུ་བྱེད་ཐབས་དེ་དཔེ་མཚོན་གྱི་ཕྱོགས་རྐྱང་པའི་བཙན་པོ་ཧམ་ཤེད་ཀྱི་བྱེད་སྟངས་ཤིག་ཡིན་ཞིང་། དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལས་ཚབས་ཆེན་འགལ་བ་དང་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱེད་ཀྱི་ཡིན། ང་ཚོས་ཨ་རི་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་འཕྲལ་མར་ཡོ་བསྲང་བྱས་ནས་ཀྲུང་གོར་ཕྱོགས་རྐྱང་པའི་སྒོ་ཁྲལ་བསྡུ་བའི་བྱེད་ཐབས་ཚང་མ་མེད་པར་བཟོ་དགོས་པའི་སྒྲུབ་སྐུལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།