འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་བཅུ་ཆ་གཅིག་ལྷག་ཙམ་བཏབ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 13:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་ཞིང་ལས་གནས་ཚུལ་བཀོད་གཏོང་ལྟར་ན། རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་མུའུ་ཁྲི་11170(ཞིང་ཁ་ཆེན་པོའི་འདེབས་ཁྱོན། འབྲས་ལྗང་གསོ་རྒྱུ་ཚུད་མེད)བཏབ་ཟིན་ཏེ་འདེབས་རྩིས་ཡོད་པའི་རྒྱ་ཁྱོན་གྱི་11.7%ལེགས་འགྲུབ་ཟིན་ནས་འཕེལ་རིམ་ལོ་གོང་མ་དང་སྤྱིར་ན་སྙོམས་ཡོད་པ་རེད།

ས་ཁུལ་དབྱེ་ནས་བལྟས་ན། ཧྭ་ནན་དུ་བཅུ་ཆ་བདུན་བཏབ་ཟིན་པ་དང་། ལྷོ་ནུབ་དང་འབྲི་ཆུའི་དབུས་སྨད་རྒྱུད་དུ་བཅུ་ཆ་གཉིས་བཏབ་ཟིན་པ། ནུབ་བྱང་དུ་བཅུ་ཆ་གཅིག་བཏབ་ཟིན་པ། བྱང་ཤར་དུ་འབྲས་ལྗང་འདེབས་གསོ་འགོ་ཚུགས་ཡོད་པ་རེད། ལོ་ཏོག་སྐྱེ་དངོས་ནས་བལྟས་ན། སྔ་སྨིན་འབྲས་ཀྱི་ལྗང་པ་བཅུ་ཆ་བརྒྱད་གསོས་ཟིན་པ་དང་བཅུ་ཆ་བཞི་ཡན་འདེབས་འཛུགས་བྱས་ཟིན་ཡོད། བར་སྨིན་འབྲས་ཀྱི་ལྗང་པ་བཅུ་ཆ་གཉིས་ཡན་གསོས་ཟིན་པ་དང་། དཔྱིད་འདེབས་ཞོག་ཁོག་ཕྱེད་ཀ་ཙམ་བཏབ་ཟིན་པ། དཔྱིད་གྲོ་བཅུ་ཆ་གསུམ་ཙམ་བཏབ་ཟིན་པ། དཔྱིད་ཀའི་ཨ་ཤོམ་བཅུ་ཆ་གཅིག་ཙམ་བཏབ་ཟིན་ཡོད།

(བསྟན་འཛིན་བློ་གྲོས་ཀྱིས་སྒྱུར་ཞུས་བྱས)