གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 13:53】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ཝུའུ་ལུའུ་མུའུ་ཆི་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་གཏིང་རིང་ཤོས་དང་ཆེ་ཤོས་ཀྱི་སྣུམ་ཞིང་-ཧྥུའུ་མན་སྣུམ་ཞིང་ནས་གཏམ་བཟང་འབྱོར་བ་སྟེ། རིམ་རྩིས་བརྒྱབ་ན་ཐོན་སྐྱེད་བྱས་པའི་སྣུམ་རླངས་ཐོན་འབབ་ཀྱི་འཚམ་ཚད་ཏུན་ཁྲི་2000ལྷག་ཙམ་ཟིན་ནས་རང་རྒྱལ་གྱིས་སྨི་8000ཡི་གཏིང་རིམ་གྱི་རྙོག་འཛིང་ཆེ་བའི་ས་ཁོངས་སུ་སྤུས་ཚད་མཐོ་བའི་རྩད་ཞིབ་གསར་སྤེལ་གྱི“གཏིང་རིང་ཚད་གཞིར”གྱུར་ཡོད།
འདི་ནི་ཧྥུའུ་མན་སྣུམ་ཞིང་གི་ཧྥུའུ་ཡོན་མཉམ་འབྲེལ་ས་ཚིགས་ཡིན་པ། ཐན་ཧུའེ་ཡིས་པར་བརྒྱབ། (མི་དམངས་མཐོང་ཚོར)
ཧྥུའུ་མན་སྣུམ་ཞིང་ནི་ཐ་ཁེ་ལ་མ་ཀན་བྱེ་ཐང་གི་དབུས་སུ་གནས་པ་དང་། མིག་སྔར་རང་རྒྱལ་ལ་རྙེད་པའི་མཚོ་བྱིངས་གྱི་བཅད་ངོས་ཚོད་འཛིན་སྲུབས་ཁུང་རྣམ་པའི་ཐཱན་སྐྱུར་ཚྭའི་གཡམ་སྣུམ་མཛོད་ཆེ་ཤོས་ཡིན་པ་དང་སྣུམ་རླངས་ཐོན་ཁུངས་ཀྱི་འབོར་ཚད་ཏུན་དུང་ཕྱུར་10ལྷག་ཙམ་ཟིན་ཡོད། “ལག་རྩལ་དང་དོ་དམ”ཟུང་འབྲེལ་གྱི་གསར་གཏོད་ཀྱི་སྐུལ་འདེད་གཉིས་འོག ཧྥུའུ་མན་སྣུམ་ཞིང་གི་སྣུམ་རླངས་ཐོན་འབབ་མགྱོགས་མྱུར་འཕར་བ་སྟེ། 2019ལོར་ཏུན་ཁྲི་བརྒྱ་ལྷག་ཙམ་ཟིན་པ་དང་2023ལོར་ཏུན་ཁྲི་400ལྷག་ཙམ་ཟིན་ཡོད། མིག་སྔར། ཧྥུའུ་མན་སྣུམ་ཞིང་ལ་སྨི་8000ཡན་གྱི་རིམ་པའི“ས་འོག་ཇོ་མོ་གླང་མ”ཁྲོན་པ་144འདྲུས་པ་དེ་རང་རྒྱལ་གྱི་གཏིང་རིང་ཤོས་ཀྱི་སྣུམ་ཁྲོན་འདུས་ཚད་སྟུག་ཤོས་ཀྱི་ས་ཁོངས་སུ་གྱུར་ཡོད།