གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 14:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ལུའུ་ཐོའུ་གསར་འགྱུར་ཁང་གིས་ཚེས་14ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཉིན་དེར་རྒྱལ་ཚོགས་དམངས་གྲོས་ཁང་གི་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྒྲིག་ལམ་དཀྲུག་སྲིད་ཅེས་བཤད་པ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། འདི་ནི་ཧྲི་ཕའོ་མའོ་ཡིས་ད་ལྟའི་བར་དུ་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་པར་ཉེན་བརྡ་དྲག་པོ་བཏང་བ་རེད།
ཧྲི་ཕའོ་མའོ་ཡིས་ཉིན་དེར་ད་དུང་ལྗར་པན་གྱིས་བཟོད་སྒོམ་ཆེན་པོ་བྱེད་རྩིས་མེད་ལ། ཨ་རིའི་སྲིད་གཞུང་དང་སྒོ་ཁྲལ་གྲོས་མོལ་བྱེད་སྐབས་གྲོས་མཐུན་འཇོག་རྒྱུར་ཡང་བྲེལ་བ་མེད་ཅེས་བཤད་པ་རེད། འོན་ཀྱང་། ཁོས་ཨ་རིའི་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་བསྡུས་ནས་འཁོན་ལན་མི་སློག་ཟེར། ཤེས་གསལ་ལྟར་ན། ཨ་རི་དང་ལྗར་པན་རྒྱལ་ཁབ་གཉིས་ཀྱིས་ཚེས་17ཉིན་ཝ་ཧྲིན་ཏོན་ཏུ་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་མོལ་བྱེད་པའི་འཆར་གཞི་ཡོད།