གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 14:10】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་ཟླ་4ཚེས་14ཉིན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པས། ཁ་སང་ཨུ་རུ་སུས་ཡུག་རེན་གྲོང་ཁྱེར་སུའུ་མའེ་ལ་འཕུར་མདའི་འཇབ་རྒོལ་བྱས་ནས་ཉུང་མཐར་ཡང་མི་34རྐྱེན་ལམ་དུ་ཤོར་བ་དེའི་ནང་བྱིས་པ་གཉིས་ཚུད་ཡོད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་འདི་ནི་འཇིགས་སུ་རུང་བ་ཞིག་རེད་ཟེར། རྒྱལ་ཁབ་གཞན་པའི་འགོ་ཁྲིད་པས་ཀྱང་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུས་ཡུག་རེན་ལ་འཇབ་རྒོལ་བྱས་པར་ལན་ཅི་ཞིག་བསློག་རྩིས་ཡོད་དམ་ཞེས་དྲིས།
ལིན་ཅན་གྱིས་དེའི་ཐད་ཡུག་རེན་གྱི་ཉམས་ཉེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་པ་དང་། གླེང་མོལ་དང་གྲོས་མོལ་བྱ་རྒྱུ་ནི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་གཅིག་རེད་ཅེས་བཤད་པ་རེད།