འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།ཀྲུང་གོས་རིམ་མཚུངས་ཀྱི་རྒོལ་ལན་གཏོང་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 15:19】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   དེ་རིང་(ཚེས་14ཉིན)ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཕྱི་རྒྱལ་བ་བོད་ཁུལ་དུ་འགྲོ་བར་ཚོད་འཛིན་བྱེད་པའི་སྲིད་ཇུས་བཟོ་བ་དང་ལག་བསྟར་བྱེད་པའི་ནང་ཟབ་ཞུགས་བྱེད་མཁན་ཀྲུང་གོ་ཕྱོགས་ཀྱི་དཔོན་རིགས་ལ་ཐོངས་མཆན་ཚོད་འཛིན་བྱ་རྒྱུ་ཡིན་ཞེས་བརྗོད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒོལ་ལན་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་གཏོང་ཐབས་ཞིབ་ཕྲ་མཚམས་སྦྱོར་བྱེད་རོགས།

   ལིན་ཅན་གྱིས་བསྟན་དོན། བོད་ལྗོངས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན། ཨ་རིས་བོད་ལྗོངས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱི་དཔོན་རིགས་ལ་གང་བྱུང་དུ་ཐོངས་མཆན་ཚོད་འཛིན་བྱས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱབ་འགལ་ཚབས་ཆེན་བྱས་ཡོད། 《ཕྱི་ཕྱོགས་འབྲེལ་བའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《ཕྱི་རྒྱལ་གྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གོ་ཕྱོགས་ཀྱིས་བོད་ལྗོངས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བྱ་སྤྱོད་ངན་པ་སྤེལ་མཁན་ཨ་རི་ཕྱོགས་ཀྱི་མི་སྣར་འདྲ་མཉམ་ངང་ཐོངས་མཆན་ཚོད་འཛིན་བྱེད་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས་ཡོད། བོད་ལྗོངས་ལ་ནམ་ཡང་སྒོ་འབྱེད་ཡོད། ཕྱི་རྒྱལ་གྱི་མཛའ་མཐུན་མི་སྣ་ཀྲུང་གོའི་བོད་ལྗོངས་ཀྱི་ས་ཁུལ་ཁག་ཏུ་འཚམས་འདྲི་དང་། ཡུལ་སྐོར། ཚོང་གཉེར་བཅས་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་པ་དང་། དུས་མཚུངས་སུ་རྒྱལ་ཁབ་གང་དང་མི་སུ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས། རིག་གནས་བཅས་ལ་ཁ་གཡར་ནས་བོད་ལྗོངས་ལས་དོན་ལ་ཐེ་གཏོགས་བྱེད་པར་ང་ཚོས་ངོ་རྒོལ་བྱ་རྒྱུ་དང་། ངན་སེམས་བཅངས་ཏེ་བོད་ལྗོངས་ལ་འཚམས་འདྲི་བྱེད་པའི་མིང་ཐོག་ནས་འགལ་རྐྱེན་དང་གཏོར་སྐྱོན་བཟོ་བར་ངོ་རྒོལ་བྱེད་རྒྱུ་ཡིན།