འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།མི་དམངས་ཤོག་སྒོར་གྱི་ཆ་འཕྲིན་གལ་ཆེན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 15:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་མི་དམངས་ཤོག་སྒོར་རྒྱལ་མཚམས་ལས་བརྒལ་བའི་བེད་སྤྱོད་ལམ་ལུགས་བཀོད་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། དངུལ་རྩའི་ཁྲོམ་ར་ཕྱོགས་གཉིས་སྒོ་འབྱེད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་ཕྱི་ནང་གི་བྱེད་པོས་མི་དམངས་ཤོག་སྒོར་འཛིན་པ་དང་། བེད་སྤྱོད་བྱ་རྒྱུར་སྲིད་ཇུས་ཀྱི་ཁོར་ཡུག་སྔར་ལས་བཟང་པོ་བསྐྲུན་ཡོད། རྒྱལ་སྤྱིའི་ཐོག་མི་དམངས་ཤོག་སྒོར་སྤྱོད་པའི་དམིགས་ཚད་ཁག་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། 2024ལོར་རྒྱལ་མཚམས་ལས་བརྒལ་བའི་མི་དམངས་ཤོག་སྒོར་བསྡུ་སྤྲོད་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་64.1ཟིན་པ་དེ་དུས་མཚུངས་ལས་23%འཕར་ཡོད། མི་དམངས་ཤོག་སྒོར་རྒྱལ་མཚམས་ལས་བརྒལ་བའི་གཏོང་སྤྲོད་མ་ལག་(CIPS)ཁྱབ་པའི་ཁྱབ་ཁོངས་མངོན་གསལ་དོད་པོར་ཆེ་རུ་ཕྱིན་ནས་2024ལོའི་ཟླ་12པའི་ཟླ་མཇུག་བར་ལས་སྒོ་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་185ལ་ཁྱབ་ཡོད་པ་དང་། 2024ལོར་ཐག་གཅོད་བྱས་པའི་རྒྱལ་མཚམས་ལས་བརྒལ་བའི་མི་དམངས་ཤོག་སྒོར་གཏོང་སྤྲོད་དངུལ་གྲངས་སྒོར་དུང་ཕྱུར་175ཟིན་ནས། དུས་མཚུངས་ལས་43%འཕར་ཡོད་པ་རེད། 2024ལོའི་ཟླ་དང་པོ་ནས་8པ་བར། ཚོང་ཟོག་འབོར་ཆེན་གཙོ་བོའི་ཉོ་ཚོང་མི་དམངས་ཤོག་སྒོར་རྒྱལ་མཚམས་ལས་བརྒལ་བའི་བསྡོམས་རྩིས་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.5ཟིན་པ་དེ་དུས་མཚུངས་ལས་22.7%འཕར་ཡོད།

    ད་ཆ། མི་དམངས་ཤོག་སྒོར་ནི་གོ་ལ་ཧྲིལ་པོའི་ཉོ་ཚོང་མ་དངུལ་བསྡུ་སྒྲིལ་དངུལ་ལོར་ཆེ་གྲས་གསུམ་པར་གྱུར་ཡོད། 2024ལོར་ཕྱི་རྒྱལ་གྱི་མ་དངུལ་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ཀྱིས་ཀྲུང་གོར་ཡོང་ནས་དོམ་གྱི་བུ་ལོན་སྒོར་དུང་ཕྱུར་2000ཙམ་འགྲེམས་སྤེལ་བྱས་པ་དེ་དུས་མཚུངས་ལས་32%འཕར་བ་དང་། མཚོ་འགྲམ་གྱི་མི་དམངས་ཤོག་སྒོར་བུན་འཛིན་འགྲེམས་སྤེལ་དུས་མཚུངས་ལས་150%འཕར་ཡོད། 2024ལོའི་ལོ་མཇུག་བར་ཀྲུང་གོས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་གྱི་ཀྲུང་དབྱང་དངུལ་ཁང་ངམ་དངུལ་ལོར་དབང་འཛིན་ལས་ཁུངས་དང་ཕྱོགས་གཉིས་པོའི་དངུལ་ལོར་བརྗེ་རེས་ཀྱི་གྲོས་མཐུན་བཞག་ཡོད།