འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།འདི་ཚོ་ཚད་མི་ལོན་པས་མགྱོགས་པོ་ཉོ་ཚོང་མཚམས་འཇོག་བྱེད་ཏུ་བཅུག

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 15:22】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་ཟླ་4ཚེས་14ཉིན་བརྡ་ཁྱབ་བཏང་གསལ་དུ། 2024ལོའི་རྒྱལ་ཁབ་ཀྱི་མཛེས་བཟོ་ཐོན་རྫས་དཔེ་འཐེན་ཞིབ་བཤེར་ལས་དོན་ཁྲོད། ཧེ་ལུང་ཅང་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཞིབ་འཇུག་ཁང་སོགས་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། ཐོན་རྫས་ཀྱི་ཤོག་བྱང་ཐོག་བཀོད་པའི་མིང་ནི་མའོ་ལིང་ཡན་ལེང་མའོ་མའོ་ངོ་མདོག་མཛེས་བཟོ་སོགས་བྱུག་རྫས་ཁག་18གཏན་འབེབས་དང་མི་མཐུན་པས།《བྱུག་རྫས་བདེ་འཇགས་ལག་རྩལ་ཚད་གཞི་(2015ལོའི་པར་གཞིའི་)》ནང་གཏན་འབེབས་བྱས་པའི་བཀག་འགོག་རྒྱུ་ཆ་ཞིབ་བཤེར་བྱས་པ་སྟེ། པེ་ཐཱ་སྨི་སུང་ཚུའུ་སྐྱུར་ཞག་དང་། ཧྥུལ་སྨི་སུང་། ཏི་སའེ་སྨི་སུང་། ཅ་ནེ་ཙའོ་སོགས་དུག་སྲིན་འགོག་སྨན་གྱི་གྲུབ་ཆ་ཚུད་ཡོད།

    རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་པེ་ཅིང་གྲོང་ཁྱེར་དང་། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས། གོང་གསལ་གཏན་འབེབས་དང་མི་མཐུན་པའི་མཛེས་བཟོ་ཐོན་རྫས་དང་འབྲེལ་བ་ཡོད་པའི་ཐོ་འགོད་མཁན་དང་མངགས་བཅོལ་བྱས་པའི་ཐོན་སྐྱེད་ཁེ་ལས་ལ་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱས་པ་དང་། འབྲེལ་ཡོད་ཁེ་ལས་ལ་འཕྲལ་མར་ཁྲིམས་ལྟར་ཉེན་ཁ་ཚོད་འཛིན་བྱེད་ཐབས་སྤྱད་པ་མ་ཟད། རང་བཤེར་བཅོས་སྒྲིག་གི་བཀའ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཞིང་ཆེན་ཁག་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)གྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་བྱུག་རྫས་གཉེར་སྐྱོང་བྱེད་མཁན་ལ་གོང་གསལ་མཛེས་བཟོ་ཐོན་རྫས་ཚོང་གཉེར་བྱེད་མཚམས་འཕྲལ་མར་འཇོག་དགོས་པའི་བཀའ་ཕབ་པ་དང་། ཁྲིམས་ལྟར་དེའི་ཚོང་ཟོག་ནང་འདྲེན་ཞིབ་བཤེར་ཟིན་ཐོ་སོགས་ཀྱི་གནས་ཚུལ་ལ་བརྟག་དཔྱད་བྱས་ནས་ཁྲིམས་འགལ་ཐོན་རྫས་ཀྱི་རྩ་བ་རྗེས་འདེད་བྱ་དགོས། ཁྲིམས་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ན། ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོར་བྱ་རྒྱུ་དང་། བྱས་ཉེས་བསགས་པའི་དོགས་པ་ཡོད་ན་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་སྐྱེལ་དགོས། ཟུར་ཡིག་གི་ནང་དོན་གཤམ་གསལ་ལྟར།