འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།མཚོ་སྔོན་གྱི་ཁེ་ལས་14འཛད་རྫས་དངོས་མང་སྟོན་ཚོགས་སྐབས་ལྔ་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་16ཉིན། 10:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་4ཚེས་13ཉིན། “སྒོ་དབྱེའི་གོ་སྐབས་མཉམ་དུ་སྤྱོད། མཛེས་ལྡན་འཚོ་བ་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས(གཤམ་དུ“འཛད་རྫས་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་དངོས་སུ་འགོ་ཚུགས་པ་རེད།

   རྒྱལ་ཁབ་རིམ་པའི་འཛད་རྫས་དངོས་མང་སྟོན་ཚོགས་ཀྱི་ལས་སྟེཌ་གལ་ཆེན་དེ་གང་ལེགས་སྤྱོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འཛད་རྫས་རིགས་ཀྱི་ཁེ་ལས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་སུ་མཉམ་འདྲེས་ཧུར་ཐག་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ནང་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་གཞི་གཅིག་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། མཚོ་སྔོན་གྱིས་སྨི་ངོས་གྲུ་200ཡི་ཆེད་སྒྲིག་འགྲེམས་ཁང་ཇུས་འགོད་ཀྱིས“མཛེས་སྡུག་ལྡན་པའི་མཚོ་སྔོན། ས་མཐོའི་སྤུས་ལེགས་ཐོན་རྫས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ཁེ་ལས་14བདམས་ནས་ཚགས་ཤ་དང་ལུག་ཤའི་ཐོན་རྫས་དང་། དབྱར་རྩྭ་དགུན་འབུ། ནས་ཀྱི་ཐོན་རྫས། སྦྲང་རྩི། འདྲེ་ཚེར་མ། ལི་གྲོ། ནས་ཆང་། འཚེམ་དྲུབ་སོགས་ཞིང་འབྲོག་ཐོན་རྫས་དང་མི་རིགས་ལག་ཤེས་འཛད་རྫས་རྩེ་གྲ་འགྲེམས་སྟོན་བྱས་ཏེ་ས་མཐོའི་ཐོན་རྫས་སོས་པ་དང་། ལུས་གསོའི་ཐོན་རྫས་རྩེ་གྲ མངོན་མིན་རིག་གནས་བསམ་བཀོད་སོགས་རིགས་བརྒྱད་ཀྱི་ས་མཐོའི་སྤུས་ལེགས་ཐོན་རྫས་སྣ་ཁ་100ལྷག་ཙམ་གཅིག་སྡུད་ངང་འགྲེམས་སྟོན་དང་དྲིལ་བསྒྲགས་བྱས་པ་རེད། དོ་ཁུར་བྱེད་རིན་ཡོད་པ་ཞིག་ནི་མཚོ་སྔོན་གྱི་འཚེམ་དྲུབ་རིགས་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་འཛད་རྫས་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་ཐོག་མར་བྱས་ནས་མཚོ་སྔོན་གྱི་རིག་གནས་ཀྱི་རྨང་གཞི་མངོན་པར་བྱས་པ་དེ་རེད།