གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 14:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཧེ་ཏུའུ་ཧྲན་རི་བོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་ཁུལ་མོང་ཡ་གྲོང་ཁྱེར་ལང་ཧུའུ་གྲོང་རྡལ་དུ་གནས་པ་དང་། དེ་ནི་རང་བྱུང་གི་སྣག་རིས་ཤིག་བྱེ་ཐང་དུ་བཀྲམས་དང་འདྲ།
ཧེ་ཏུའུ་ཧྲན་རི་བོ་ཆགས་སྟངས་ནི་ལོ་ངོ་ཁྲི་སྟོང་གི་ས་གཤིས་འཕོ་འགྱུར་དང་རླུང་ཟད་བྱས་ནས་བྱུང་བ་རེད། ལྕགས་མཱན་སོགས་གཏེར་རྫས་འདུས་པའི་བྲག་རྡོ་ནི་ལོ་ཟླའི་ཞུན་བརྡར་འོག་ཏུ་རིམ་བཞིན་མདོག་ནག་པོ་མངོན་པས། མཐའ་འཁོར་གྱི་ཁོར་ཡུག་དང་མངོན་གསལ་དོད་པོར་གྱུར་ཡོད། དེའི་ཐུན་མོང་མ་ཡིན་པའི་ཡ་ཏན་ནག་པོའི་ས་དབྱིབས་ལ་མི་རྣམས་ཀྱིས་“མི་ཡུལ་གྱི་ཟླ་བའི་གོ་ལ་”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།