འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།བརྙན་ཐུང་འདི་རིགས་ལ་བཅོས་སྐྱོང་ནན་མོ་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་16ཉིན། 14:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    བརྙན་ཐུང་བརྒྱུད་བསམ་ངན་གྱིས་ཚོང་གཉེར་བྱེད་པའི་གནད་དོན་བཅོས་སྐྱོང་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། དྲ་བའི་བར་སྟོང་དྭངས་གསལ་ཞིག་བསྐྲུན་ཆེད། ཀྲུང་དབྱང་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་ཟླ་4ཚེས་15ཉིན་ནས་བཟུང་། དུས་ཡུན་ཟླ་བ་གསུམ་རིང་གི་“དྭངས་གསལ་སྟེ། བརྙན་ཐུང་ཁྱབ་ཁོངས་ཀྱི་བསམ་ངན་ཚོང་གཉེར་ཟང་ཟིང་བཅོས་སྐྱོང་བྱེད་པའི་”ཆེད་དོན་བྱ་སྤྱོད་སྤེལ་བ་རེད། ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། བརྙན་ཐུང་ཁྱབ་ཁོངས་ཀྱི་བསམ་ངན་ཚོང་གཉེར་གྱི་མངོན་གསལ་དོད་པའི་གནད་དོན་གཅིག་བསྡུས་བཅོས་སྐྱོང་དང་། བསམ་ངན་ངང་པར་ལེན་རྫུན་མ་དང་། ཆ་འཕྲིན་རྫུན་མ་ཁྱབ་སྤེལ། སྤྱི་སྒྲིག་སྲོལ་བཟང་དང་འགལ་བ། སྒྲིག་འགལ་གྱིས་མི་འགུག་པ་དང་ཚོང་གཉེར་སོགས་བསམ་ངན་ཚོང་གཉེར་གྱི་ཟང་ཟིང་ལ་རྡུང་རྡེག་ནན་པོ་བྱས་ཏེ། དྲ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས། བརྙན་ཐུང་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།