གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་16ཉིན། 14:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་15ཉིན། ཨ་རིའི་རྒྱལ་སྲུང་པུའི་གསང་བ་ཕྱིར་གྱར་བའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་སྐབས། རྒྱལ་སྲུང་པུའི་པུའུ་ཀྲང་ཧོ་ཀེ་སའེ་སིའི་མཐོ་རིམ་བློ་འདྲི་བ་ཏན་·ཁའོ་ཏེ་ཝེར་ལ་གསང་བ་ཕྱིར་གྱར་བའི་དོགས་པ་ཡོད་པའི་ངོས་འཛིན་བྱས་རྗེས། ཟུར་ལྔ་ཐོག་ཁང་ནས་ཕྱིར་སྐྱེལ་བ་རེད།
ཨ་རིའི་དཔོན་རིགས་ཞིག་གིས་ཏན་·ཁའོ་ཏེ་ཝེར་ནས་“དབང་ཆ་མ་སྤྲད་པར་ཁྱབ་བསྒྲགས་བྱས་པའི”དབང་གིས་སྲིད་འཛིན་གྱི་གུང་གསེང་བཏང་བ་དང་ཁོ་པར་དམིགས་པའི་བརྟག་དཔྱད་སྔར་བཞིན་བྱེད་བཞིན་ཡོད་ཅེས་བཤད་པ་རེད།