འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།ལྗར་པན་གྱི་འབྲས་གོང་བསྟུད་མར་འཕར་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་16ཉིན། 15:11】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ལྗར་པན་གྱི་ཞིང་ནགས་ཆུ་ཐོན་ཞིང་ཆེན་གྱིས་ཚེས་14ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་3ཚེས་31ཉིན་ནས་ཟླ་4ཚེས་6ཉིན་བར་གྱི་གཟའ་འཁོར་གཅིག་གི་ནང་ལྗར་པན་གྱི་རྒྱལ་ཡོངས་སྒོ་རྩིས་ཚོང་ཁང་གིས་ཕྱིར་ཚོང་བྱས་པའི་འབྲས་སྤྱི་རྒྱ་5ཡི་ཆ་སྙོམས་རིན་གོང་ནི་ལྗར་པན་གྱི་སྒོར་4214(ཧ་ལམ་མི་དམངས་ཤོག་སྒོར་200)ཡིན་པ་དང་། བསྡོམས་རྩིས་བྱས་ཚུན་གྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་གཟའ་འཁོར་14ལ་བསྟུད་མར་འཕར་ཡོད།