འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་16ཉིན།

༄༅།།འབར་མའི་ས་ཡོམ་ཁྲོད་མི་3706རྐྱེན་ལམ་དུ་ཤོར། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་16ཉིན། 15:13】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་ཆ་འཕྲིན་ཚོ་ཆུང་གི་ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་དགོང་མོའི་གནས་འཕྲིན་ལ་གཞིགས་ན། ཟླ་3ཚེས་28ཉིན་འབར་མའི་བྱུང་བའི་ས་ཡོམ་དྲག་པོའི་ཁྲོད་རྒྱལ་ཡོངས་སུ་མི་3706ཤི་བ་དང་། མི་5027ལ་རྨས་ཕོག་པ། གཞན་ཡང་མི་130གར་སོང་ཆ་མེད་དུ་གྱུར་ཡོད།