འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་17ཉིན།

༄༅།།ཐེ་རོན་ཕུས་“ཀྲུང་གོས་ཨ་རི་དང་གྲོས་མཐུན་འཇོག་དགོས་”ཟེར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་17ཉིན། 14:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་4ཚེས་16ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།

    གསར་འགོད་པ་ཞིག་གིས། ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡི་སྐད་ཆ་དྲངས་ནས“སྤོ་ལོ་ཀྲུང་གོའི་ཕྱོགས་སུ་ཡོད་”དང་“ཀྲུང་གོས་ཨ་རི་དང་གྲོས་མཐུན་འཇོག་དགོས་པ་ལས་ཨ་རིས་ཀྲུང་གོ་དང་གྲོས་མཐུན་འཇོག་མི་དགོས”ཞེས་པ། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་འདྲ་ཡོད་དམ་དྲིས།

    ལིན་ཅན་གྱིས། སྒོ་ཁྲལ་དམག་འཁྲུག་ནི་ཨ་རི་ཕྱོགས་ཀྱིས་བསླངས་བ་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ངོ་རྒོལ་བྱེད་ཐབས་སྤྱད་པའི་དོན་ནི་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་ཆེད་ཡིན་པས། རྦད་དེ་ལུགས་མཐུན་དང་ཁྲིམས་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡོད་པ་སྟེ། སྒོ་ཁྲལ་དམག་འཁྲུག་དང་ཚོང་དོན་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མེད་པས། ཀྲུང་གོ་ཕྱོགས་ཀྱིས་དམག་འཐབ་བྱེད་འདོད་མེད་མོད། འོན་ཀྱང་འཐབ་འཛིང་བྱེད་པར་ཡང་སྐྲག་གི་མེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་དངོས་གནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ན། གནོན་ཤུགས་མཐར་སོན་པ་སྤྲོད་པ་དེ་དོར་བ་དང་། འཇིགས་སྐུལ་དང་བསླུ་བྲིད་བྱེད་མཚམས་བཞག་ནས། འདྲ་མཉམ་དང་། བརྩི་འཇོག གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་བྱེད་དགོས།