འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་17ཉིན།

༄༅།།ཨ་རིས་སྒོ་ཁྲལ་བསྡུ་ཚད་མཐོ་ཤོས་245%ཟིན་པའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་17ཉིན། 14:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཨ་རིས་ཀྲུང་གོར་འཛིན་པའི་སྒོ་ཁྲལ་ཁྲལ་ཚད་ཀྱི་གནས་ཚུལ་སྐོར་གསར་འགོད་པའི་དྲི་བར་ལན་བཏབ།

   གསར་འགོད་པ་ཞིག་གིས། ཨ་རིའི་ཤར་ཕྱོགས་ཀྱི་དུས་ཚོད་ཟླ་4ཚེས་15ཉིན། ཕོ་བྲང་དཀར་པོའི་དྲ་ཚིགས་ཐོག་འགག་རྩའི་གཏེར་གྱི་ཐོན་རྫས་དང་མཆེད་རྫས232བརྟག་དཔྱད་སྐོར་གྱི་འབྲེལ་ཡོད་དོན་དངོས་ཀྱི་ཞིབ་ཐོ་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོས་ཨ་རིའི“འདྲ་མཚུངས་སྒོ་ཁྲལ་”ལ་དམིགས་ནས་འཁོན་ལན་སློག་པའི་བྱེད་ཐབས་སྤྱད་པས། ད་ཆ་ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ལ་ཆེས་མཐོ་ན 245%གྱི་སྒོ་ཁྲལ་བསྡུ་རྒྱུའི་གནད་དོན་ལ་འཕྲད་ཡོད་པས། འདིས་ཨ་རིས་ཀྲུང་གོར་སྒོ་ཁྲལ་སླར་ཡང་མཐོ་རུ་བཏང་བ་མཚོན་གྱི་ཡོད་དམ། ཚོང་དོན་པུའུ་ཡིས་དེའི་ཐད་དཔྱད་གཏམ་ཅི་ཞིག་སྤེལ་རྩིས་ཡོད་དམ།

    དྲིས་ལན། ཀྲུང་གོས་ཨ་རིར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་རེ་རེ་ལ་རིམ་རྩིས་བྱས་ན་མིང་སྣ་ཚོགས་ཀྱི་སྒོ་ཁྲལ་245%ཟིན་ཡོད་པ་ཀྲུང་གོ་ཕྱོགས་ཀྱིས་དོ་སྣང་བྱུང་། འདིས་ཨ་རི་ཕྱོགས་ཀྱིས་སྒོ་ཁྲལ་ཡོ་བྱད་ཅན་དང་མཚོན་ཆ་ཅན་དུ་བསྒྱུར་བ་དེ་དཔྱོད་ཤེས་སྤུ་ཙམ་ཡང་མེད་པའི་གནས་སུ་སླེབས་ཡོད་པ་གསལ་པོར་མཚོན་ཡོད། དེ་གོང་ཀྲུང་གོ་ཕྱོགས་ཀྱིས་ཨ་རིས་ཕྱོགས་རྐྱང་པའི་སྒོ་ཁྲལ་ཁ་སྣོན་བསྡུ་རྒྱུའི་ཐད་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཡོད། ཨ་རི་ཕྱོགས་ཀྱི་དོན་སྙིང་སྤུ་ཙམ་ཡང་མེད་པའི་སྒོ་ཁྲལ་གྱི་གྲངས་ཀའི་རོལ་རྩེད་དེ་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ཁ་ཡ་བྱ་རྒྱུ་མིན། འོན་ཀྱང་། གལ་སྲིད་ཨ་རི་ཕྱོགས་ཀྱིས་མུ་མཐུད་ངོ་བོའི་རང་བཞིན་གྱི་ཀྲུང་གོའི་ཁེ་དབང་ལ་གནོད་འཚེ་བཏང་ཚེ། ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས་ཅིས་ཀྱང་རྒོལ་རྒྱུ་ཡིན།