གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:22】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2025ལོའི་ཟླ་3པར་གྲོང་ཁྱེར་ཆེ་འབྲིང་70ཡི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་འགྱུར་ལྡོག་འགྲོ་ཚུལ།
2025ལོའི་ཟླ་3པར། ཚོང་ཟོག་ཁང་པ་ཉོ་ཚོང་འཁྲུག་ཏུ་ཕྱིན་པ་དང་གྲོང་ཁྱེར་ཆེ་འབྲིང་70ཡི་ནང་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མ་ལས་འཕར་བའི་གྲོང་ཁྱེར་གྱི་གྲངས་འབོར་མང་དུ་ཕྱིན། གྲོང་ཁྱེར་རིམ་པ་དང་པོའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་འཕར་བ་དང་། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པའི་ཚོང་ཟོག་ཁང་པ་ཟླ་བ་གོང་མའི་བསྡུར་ཚད་ལས་སྤྱིའི་ཆག་ཚད་ཇེ་ཆུང་དུ་ཕྱིན་པ། གྲོང་ཁྱེར་རིམ་པ་ཁག་དུས་མཚུངས་ལས་ཆག་ཚད་མུ་མཐུད་ཇེ་ཆུང་དུ་ཕྱིན་ཡོད།
གཅིག གྲོང་ཁྱེར་རིམ་པ་དང་པོའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་འཕར་བ་དང་། གྲོང་ཁྱེར་རིམ་པ་གཉིས་པ་དང་གསུམ་པ་ནི་ཟླ་བ་གོང་མའི་བསྡུར་ཚད་ལས་སྤྱིའི་ཆག་ཚད་ཇེ་ཆུང་དུ་ཕྱིན་ཡོད།
ཟླ་3པར། གྲོང་ཁྱེར་རིམ་པ་དང་པོར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་0.1%འཕར་ནས་འཕར་ཚད་ཟླ་བ་གོང་མའི་དང་གཅིག་མཚུངས་ཡིན་པ་རེད། དེའི་ནང་ཧྲང་ཧའེ་དང་ཧྲེན་ཀྲེན་སོ་སོར་0.7%དང་0.1%འཕར་བ་དང་། པེ་ཅིན་དང་ཀོང་ཀྲོའུ་སོ་སོར་0.2%དང་0.1%ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་དང་པོའི་ལག་བརྒྱུད་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མ་དང་བསྡུར་ན་0.1%ཆག་པ་ནས་0.2%འཕར་ཡོད། དེའི་ནང་པེ་ཅིན་དང་། ཧྲང་ཧའེ། ཧྲེན་ཀྲེན་བཅས་ཁག་སོ་སོར་0.5%དང་། 0.4% 0.3%འཕར་བ་དང་། ཀོང་ཀྲོའུ་རུ་0.2%ཆག་ཡོད་པ་རེད།
ཟླ་3པར། གྲོང་ཁྱེར་རིམ་པ་གཉིས་པར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་དང་དོ་མཉམ་གཅིག་མཚུངས་ཡིན་པ་དང་། ལག་བརྒྱུད་ཁང་པ་ཟླ་བ་གོང་མའི་བསྡུར་ཚད་ལས་0.2ཆག་པ་དང་ཆག་ཚད་ཟླ་བ་གོང་མའི་བསྡུར་ཚད་ལས་བརྒྱ་ཆའི་གཞི་གྲངས་0.2ཆག་ཡོད། གྲོང་ཁྱེར་རིམ་པ་གསུམ་པར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མའི་བསྡུར་ཚད་ལས་0.2ཆག་པ་དང་། ཆག་ཚད་བརྒྱ་ཆའི་གཞི་གྲངས་0.1ཆག་པ། ལག་བརྒྱུད་ཁང་པ་ཟླ་བ་གོང་མའི་བསྡུར་ཚད་ལས་0.3%ཆག་པ་དང་ཆག་ཚད་བརྒྱ་ཆའི་གཞི་གྲངས་0.1ཆག་ཡོད།
ཟླ་3པར། གྲོང་ཁྱེར་ཆེ་འབྲིང་70ཡི་ནང་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་ཟླ་བ་གོང་མ་ལས་འཕར་བའི་གྲོང་ཁྱེར་24ཡོད་པ་དང་། ཟླ་བ་གོང་མ་ལས་6འཕར་ཡོད། ལག་བརྒྱུད་ཁང་པ་ཟླ་བ་གོང་མ་ལས་འཕར་བའི་གྲོང་ཁྱེར་10ཡོད་པ་དང་། ཟླ་བ་གོང་མ་ལས་7མང་དུ་ཕྱིན་ཡོད་པ་རེད།
གཉིས། གྲོང་ཁྱེར་རིམ་པ་ཁག་གི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་དུས་མཚུངས་ལས་ཆག་ཚད་མུ་མཐུད་ཇེ་ཆུང་དུ་ཕྱིན་པ།
ཟླ་3པར། གྲོང་ཁྱེར་རིམ་པ་དང་པོར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་ཕྱིར་འཚོང་གི་རིན་གོང་དུས་མཚུངས་ལས་2.8%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་0.2ཆག་ཡོད། དེའི་ནང་ཧྲང་ཧའེ་རུ་5.7%འཕར་བ་དང་། པེ་ཅིན་དང་། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་སོ་སོར་5.7%དང་། 7.2% 3.9%བཅས་ཆག་ཡོད་པ་རེད། གྲོང་ཁྱེར་རིམ་པ་དང་པོའི་ལག་བརྒྱུད་ཁང་པ་ཕྱིར་འཚོང་གི་རིན་གོང་དུས་མཚུངས་ལས་4.1%ཆག་པ་དང་། ཆག་ཚད་བརྒྱ་ཆའི་གཞི་གྲངས་0.8ཆག་ཡོད། དེའི་ནང་པེ་ཅིན་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་སོ་སོར་2.1%དང་1.4% 8.7% 4.1%བཅས་ཆག་ཡོད་པ་རེད།
ཟླ་3པར། གྲོང་ཁྱེར་རིམ་པ་གཉིས་པར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་དང་ལག་བརྒྱུད་ཁང་པ་ཕྱིར་འཚོང་གི་རིན་གོང་དུས་མཚུངས་ལས་སོ་སོར་4.4%དང་7.0%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གཞི་གྲངས་སོ་སོར་0.3དང་0.4ཆག་ཡོད། གྲོང་ཁྱེར་རིམ་པ་གསུམ་པར་གསར་དུ་བསྐྲུན་པའི་ཚོང་ཟོག་ཁང་པ་དང་ལག་བརྒྱུད་ཁང་པ་ཕྱིར་འཚོང་གི་རིན་གོང་དུས་མཚུངས་ལས་སོ་སོར་5.7%དང་7.8%ཆག་པ་དང་། ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའིགཞི་གྲངས་0.2ཆག་ཡོད།