གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཀྲང་ཞའོ་ཀང་ཏ་ཞའོ་ཡིས་ཉེ་དུས་དམག་དཔུང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་གནས་འཕྲིན་སྤེལ་བ་རེད།
གསར་འགོད་པས། ལྗར་པན་སྨྱན་སྦྱོར་གྱིས་ཉེ་དུས་ལྗར་པན་དང་ཨ་རིའི“སྤུ་གྲི་-2024”མཉམ་འབྲེལ་དམག་སྦྱོང་གིས་ཐོག་མར“ཐའེ་ཝན་མཚོ་འགག་ལ་དོན་དག་བྱུང་བའི”རྣམ་པར་དམིགས་ནས། འཐབ་འཛིང་གནམ་གྲུས་དམག་གྲུའི་འཕུར་མདའ་བཏང་ནས། བཅིངས་འགྲོལ་དམག་སྐམ་སར་འཛེགས་པའི་དམག་གྲུ་རུ་ཁག་ལ་ཕར་རྒོལ་འདྲ་བཟོ་བྱས་པ་ཁྱབ་བསྒྲགས་བྱས་པ་རེད། དེའི་ཐད་དཔྱད་གཏམ་གང་ཞིག་ཡོད་དམ་ཞེས་དྲིས།
ཀྲང་ཞའོ་ཀང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་རི་དང་ལྗར་པན་གྱི་དམག་དོན་མཉམ་ལས་དེ་རྒྱལ་ཁབ་གསུམ་པར་དམིགས་མི་ཆོག་པ་དང་། ས་ཁུལ་གྱི་ཞི་བདེའི་འཕེལ་རྒྱས་ལ་གནོད་འཚེ་གཏོང་མི་ཆོག་པའི་འདོད་ཚུལ་འཛིན་གྱི་ཡོད། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་ཐག་གཅོད་ཇི་ལྟར་བྱ་རྒྱུ་ནི་ཀྲུང་གོ་བ་རང་ཉིད་ཀྱི་བྱ་བ་རེད། འབྲེལ་ཡོད་ཕྱོགས་ཀྱིས“ཐའེ་ཝན་མཚོ་འགག་ལ་དོན་དག་བྱུང་བ”ཞེས་པ་འུད་སྒྲོག་བྱས་པ་ནི་ཟིང་སློང་ཁོ་ན་རེད། མི་སུ་ཞིག་གིས་ཀྱང་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་བློ་རྩ་བརྟན་པོ་དང་ནུས་པ་ཆེན་པོར་ཚོད་དཔག་དམའ་པོ་བྱེད་མི་རུང་། གལ་ཏེ་ཨུ་ཚུགས་ཀྱིས“ཐའེ་ཝན་ལ་བརྟེན”ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་། ཐ་ན་རང་ཚོད་མ་ཟིན་པར་དམག་དོན་འཁྲུག་རྐྱེན་བསླངས་ན་ཐེག་དཀའ་བའི་རིན་དོད་གཏོང་ངེས་ཡིན་ཞེས་བཤད།