གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:34】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཁོངས་གཏོགས་ཀྱི་རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་(IARC)ཀྱི་བསྡོམས་རྩིས་གསར་ཤོས་ཐོག་ནས། གློ་བའི་སྐྲན་ནད་ནི་ད་ལྟ་གོ་ལ་ཧྲིལ་བོའི་ནད་བྱུང་ཚད་དང་ཤི་ཚད་ཚང་མ་ཨང་དང་པོ་ཡིན་པ་དང་། གློ་བའི་སྐྲན་ནད་བསྟུད་མར་ལོ་བཅུའི་རིང་གོ་ལ་ཧྲིལ་པོའི་སྐྲན་ནད་ལས་ཤི་ཚད་ཨང་དང་པོ་ཡིན་པ་མངོན་ཡོད།
རྒྱལ་སྤྱིའི་སྐྲན་ནད་ཞིབ་འཇུག་ལས་ཁུངས་IARCཀྱི་བསྡོམས་རྩིས་གསར་ཤོས་ལས། 2022ལོའི་གོ་ལ་ཧྲིལ་བོར་སྐྲན་ནད་བྱུང་བའི་ནད་དཔེ་ཁྲི་2000ལ་ཉེ་བ་དང་། ཤི་བའི་ནད་དཔེ་ཁྲི་970ཙམ་ཡོད་ཅིང་། དེའི་ནང་གློ་བའི་སྐྲན་ནད་བྱུང་བའི་ནད་དཔེ་གསར་པ་ཁྲི་250ཙམ་ཡོད་པ་དེས་12.4%ཟིན་པ་དང་། གློ་བའི་སྐྲན་ནད་ཀྱི་རྐྱེན་པས་ཤི་བའི་ནད་དཔེ་ཁྲི་180ཙམ་ཡོད་པ་དེས་18.7%ཟིན་པ། གློ་བའི་སྐྲན་ནད་བྱུང་ཚད་དང་ཤི་ཚད་ཚང་མ་སྐྲན་ནད་ཚབས་ཆེན་གྱི་ཨང་དང་པོར་སླེབས་པ་མངོན་ཡོད།
ཨ་ཤེ་ཡ་ཤར་མའི་ས་ཁུལ་ནི་གློ་བའི་སྐྲན་ནད་འབྱུང་ཚད་མང་ཤོས་ཀྱི་ས་ཁུལ་ཡིན་ཞིང་། འཛམ་གླིང་ཡོངས་སུ་གསར་དུ་བྱུང་བའི་ནད་དཔེ་བརྒྱ་ཆ་50ཡས་མས་ཟིན་པ་དང་། ཀྲུང་གོར་གསར་དུ་བྱུང་བའི་ནད་དཔེ་བསྡུར་ཚད་བཅུ་ཆ་བཞི་ལས་བརྒལ་ཡོད།