འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་18ཉིན།

༄༅།།རྒྱལ་སྲུང་པུའུ་ཡིས་དོན་འདི་ཁྱབ་བསྒྲགས་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་18ཉིན། 14:31】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོ་དང་ཨེ་ཅིབ་དམག་དཔུང་གི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཟླ་4པའི་ཟླ་དཀྱིལ་ནས་ཟླ་5པའི་ཟླ་སྟོད་བར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་གིས་ཡན་ལག་རུ་ཁག་མངགས་ནས། ཨེ་ཅིབ་ཏུ་ཀྲུང་ཨེ་ཡི“ཤེས་དཔལ་གྱི་གླག-2025”མཁའ་དམག་མཉམ་འབྲེལ་སྦྱོང་བརྡར་སྤེལ་རྒྱུ་རེད། འདི་ནི་ཀྲུང་ཨེ་དམག་དཔུང་གཉིས་ཀྱིས་མཉམ་འབྲེལ་སྦྱོང་བརྡར་ཐེངས་དང་པོ་སྒྲིག་འཛུགས་བྱས་པ་ཡིན་པས་དམག་དཔུང་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། དམག་དཔུང་གཉིས་པོའི་མཛའ་བརྩེ་དང་ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།