འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་19ཉིན།

༄༅།།ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་ཕུན་སུམ་ཚོགས་པོའི་ངང་གནང་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་19ཉིན། 20:07】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་17ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་བ་རེད།

ཁྭ་ལ་ལུམ་ཕུར་ནས་ཞལ་གྱེས་སྐབས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་ཕྱི་འབྲེལ་པུའི་པུའུ་ཀྲང་མུའུ་ཧན་མོ་ཏེ། ཕེབས་རོགས་པུའུ་ཀྲང་དང་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་སོགས་མཐོ་རིམ་དཔོན་རིགས་གནམ་ཐང་དུ་བསྐྱོད་ནས་ཕེབས་སྐྱེལ་ཞུས་པ་རེད། མ་ལེ་ཞི་ཡའི་གཞོན་ནུ་ཚོས་གླུ་ལེན་གར་འཁྲབ་བྱས་པ་དང་ས་གནས་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་མི་སྣ་དང་། ཕྱི་སྦྱོང་སློབ་མ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ཀྱིས་འགྲོ་ལམ་གྱི་གཞོགས་གཉིས་ནས་ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ཏེ། ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་འཚམས་འདྲི་གནང་བར་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།