གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་30ཉིན། 13:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་29ཉིན། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཁ་སང་དགོང་མོ་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ཀྱིས་སླར་ཡང་དམག་འཐབ་བྱས་པ་རེད། ཀྲུང་གོ་ཕྱོགས་འདུམ་སྒྲིག་ནང་ཞུགས་རྒྱུའི་འཆར་གཞི་ཡོད་མེད་དྲིས།
གོ་ཅ་ཁུན་གྱིས། རྒྱ་གར་དང་ཕ་ཁི་སི་ཐན་གཉིས་ནི་ཨེ་ཤ་ཡ་ལྷོ་མའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་འཆམ་མཐུན་མཉམ་གནས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་། བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་ངོས་ནས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རྒྱ་གར་དང་ཕ་ཁི་སི་ཐན་གྱི་ཐུན་མོང་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་པོས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱས་ནས་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་དགོས་པའི་རེ་འབོད་བྱ་རྒྱུ་ཡིན།