འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་9ཉིན།

༄༅།།ཡོ་རོབ་གླིང་གི་རྒྱལ་ཁབ་དྲུག་གིས་མཉམ་འབྲེལ་གསལ་བསྒྲཊ་སྤེལ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་09ཉིན། 16:12】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

དབྱི་སི་རལ་གྱི་བདེ་འཇགས་ནང་བློན་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་5ཉིན་ཀཱ་ཟ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་རྒྱ་ཆེ་རུ་གཏོང་འཆར་གྱི་ཆོག་མཆན་སྤྲད་པའི་གཏན་འབེབས་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཀྱི་ཡོད། སི་ཕེན་དང་། འཁྱགས་གླིང་། ཨིར་ལན། ལུ་ཙེམ་པོག ནོར་ཝེ། སི་ལོ་ཝུན་ཉི་ཡ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་7ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་གྱི་འཆར་གཞི་དེས་དམག་འཁྲུག་གི་“ཉེན་ཁ་གསར་པའི་རིམ་པ་འཕར་བ་”མཚོན་གྱི་ཡོད་ཅེས་བཤད། ཁོ་ཚོས་ཀཱ་ཟ་ས་ཁུལ་གྱི་མི་འབོར་དང་མངའ་ཁོངས་ཕྱོགས་ཀྱི་འགྱུར་ལྡོག་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་དང་། འདི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པ་བསྟན།