གསར་འགོད་པའི་ཟིན་ཐོ།
ཀྲང་པོ་ལན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་23ཉིན། 14:18】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
སྨན་གླིང་དུ་བསྐྱོད་ཚེ་རི་གསེབ་གང་སར་ཁྱབ་པའི་རི་སྐྱེས་སྨན་རྩྭ་ཡིན་ནའང་འདྲ། ཡང་ན་གཞི་ཁྱོན་ཆེ་བའི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་ཡིན་ཡང་རུང་། ཚང་མ་ལས“སྨན་གླིང”ཞེས་པའི་མིང་དེ་ར་སྤྲོད་བྱས་ཡོད།
བོད་ལུགས་གསོ་རིག་གི་སྲོལ་གཏོད་པ་གཡུ་ཐོག་ཡོན་ཏན་མགོན་པོས་རྒྱ་གར་དང་ནེ་པ་ལ་སོགས་སུ་སློབ་སྦྱོང་གནང་བར་ཕེབས་པ་ཡིན་ནའང་འདྲ། ཡང་ན་འུན་ཤིང་ཀོང་ཇོ་དང་གྱིམ་ཤིང་ཀོང་ཇོ་བོད་དུ་ཕེབས་ཏེ་ཐང་རྒྱལ་རབས་ནས《གསོ་བ་རིག་པའི་བསྟན་བཅོས་ཆེན་པོ》དང《སྨན་དཔྱད་ཟླ་བའི་རྒྱལ་པོ》སོགས་ཀྲུང་ཡོན་རིག་གནས་ཀྱི་གསུང་རབ་འབོར་ཆེན་ཁྱེར་ཡོང་བ་དེ་དག་གིས་གསོ་བ་རིག་པ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་གསོ་བ་རིག་པ་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་ནས“རྒྱལ་སྤྱིའི་གྲོགས་ཚོགས”སུ་སྐད་གྲགས་ཆོད་ཡོད། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་བོད་དུ་བོད་ལུགས་གསོ་རིག་ལ་རྟོག་ཞིབ་བྱེད་པར་ཡོང་བ་དང་། རྒྱལ་ཁབ་མི་ཉུང་བ་ཞིག་གིས་བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་ནང་འདྲེན་བྱས་པ་མ་ཟད། ད་དུང་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཕྱི་སྦྱོང་སློབ་མ་ཀྲུང་གོར་བོད་ཀྱི་གསོ་བ་རིག་པ་སློབ་སྦྱོང་བྱེད་པར་མངགས་པ་ལ་སོགས། བོད་ཀྱི་གསོ་བ་རིག་པ་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ཏེ་ཁྱབ་སྤེལ་བྱུང་ནས་མཐའ་འཁོར་རྒྱལ་ཁབ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་སྔར་བས་ཤེས་རྟོགས་ཡག་པོ་བྱེད་པའི་སྐར་ཁུང་ལྟ་བུར་གྱུར་ཡོད།
བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭའི་གསོ་བ་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་མི་རིགས་མང་པོའི་རིག་གནས་སྤེལ་རེས་དང་འགྲོ་འོང་བྱས་པའི་འབྲས་བུ་ཡིན་ལ། ཤེས་དཔལ་མི་འདྲ་བ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱས་པའི་འབྲས་བུ་ཞིག་ཀྱང་ཡིན་པས། སྤེལ་རེས་དང་མཉམ་འདྲེས་ཁྲོད་རྒྱུན་ཆད་མེད་པར་དར་རྒྱས་ཆེན་པོ་ཡོང་ངེས་ཡིན་པ་གསལ་བཤད་བྱས་ཡོད།