འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་23ཉིན།

༄༅།།ཐེ་རོན་ཕུ་ཡིས་རྒྱལ་སྤྱིའི་སློབ་མ་བསྡུ་མི་ཆོག་པའི་བཀའ་བཏང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་23ཉིན། 15:15】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་22ཉིན་ཨ་རིའི་སྲིད་གཞུང་གིས་ཧ་ཧྥོ་སློབ་ཆེན་གྱི་སློབ་མ་དང་སྤེལ་རེས་མཁས་པའི་རྣམ་གྲངས་ཀྱི་ཐོབ་ཐང་མེད་པར་བཟོས་ནས། སློབ་གྲྭ་དེ་ཡིས་རྒྱལ་སྤྱིའི་སློབ་མ་བསྡུ་བར་བཀག་འགོག་བྱ་རྒྱུ་ཁྱབ་བསྒྲགས་བྱས། ཧ་ཧྥོ་སློབ་ཆེན་གྱིས་ཐེ་རོན་ཕུ་སྲིད་གཞུང་གི“འཁོན་ལན་རང་བཞིན་གྱི་བྱ་སྤྱོད་དེས་ཧ་ཧྥོ་སྡེ་ཁུལ་དང་ང་ཚོའི་རྒྱལ་ཁབ་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད”ཅེས་ལན་བསློགས།