འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།ཟླ་བ་དང་པོ་ནས་བཞི་པའི་བར་གྲངས་འཛིན་ཐོན་རྫས་དྲ་ཐོག་ལ་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་8.4%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་བ་དང་པོ་ནས་བཞི་པའི་བར་གྲངས་འཛིན་ཐོན་རྫས་དྲ་ཐོག་ལ་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་8.4%འཕར་བ་དང་དེའི་ནང་རིག་ནུས་འཕྲུལ་མི་དང་རིག་ནུས་ཁྱིམ་ཆས་མ་ལག་དུས་མཚུངས་ལས་87.6%དང་16%སོ་སོར་འཕར་ཡོད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོང་དོན་གྲངས་གཞི་ཆེན་པོའི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ཟླ་བ་དང་པོ་ནས་བཞི་པའི་བར་གྲངས་འཛིན་ཐོན་རྫས་དྲ་ཐོག་ལ་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་8.4%འཕར་བ་དང་དེའི་ནང་རིག་ནུས་འཕྲུལ་མི་དང་རིག་ནུས་ཁྱིམ་ཆས་མ་ལག་དུས་མཚུངས་ལས་87.6%དང་16%སོ་སོར་འཕར་ཡོད།

     ཟླ་བ་དང་པོ་ནས་བཞི་པའི་བར་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་དུ་འགྱུར་ཚད་མཐོ་བ་དང་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་བཀོད་སྒྲིག་བྱེད་ནུས་ཆེ་བ་སོགས་ཀྱི་རང་རྒྱལ་གྱི་དྲ་ཚོང་གི་ལེགས་ཆ་འདོན་སྤེལ་བྱས་པས། འཛད་སྤྱོད་སྤུས་ཚད་མཐོ་རུ་ཕྱིན་པ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་ཕྱིན་པ། རྒྱལ་སྤྱིའི་མཉམ་ལས་མཉམ་འགུལ་གྱི་ཕྱི་རོལ་འཁོར་རྒྱུག་གཏིང་ཟབ་ཏུ་ཕྱིན་པ། དྲ་ཚོང་གི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་ཐུབ་པའི་འཁོར་རྒྱུག་གཉིས་སྟོབས་ཆེར་ཕྱིན་པ་བཅས་བྱུང་ཡོད།

    འཛད་སྤྱོད་དྲ་ཚོང་གི་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར་རྙིང་པ་གསར་པར་བརྗེ་བའི་ཐོན་རྫས་མང་དུ་འགྲོ་ཚད་ཅུང་མགྱོགས་ཤིང་། ཁྱིམ་སྤྱོད་གློག་ཆས་དང་གྲངས་འཛིན་ཐོན་རྫས་རིགས་15དྲ་ཐོག་ཏུ་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་11.5%འཕར་ཡོད། དེའི་ནང་ལག་ཐོགས་ཁ་པར་སོགས་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་གྲངས་འཛིན་ཐོན་རྫས་རིགས་3དུས་མཚུངས་ལས་18.5%འཕར་ཡོད། ཞབས་ཞུའི་འཛད་སྤྱོད་ཀྱི་ཁྲིད་སྟོན་འཕར་བ་དང་། གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་ཞབས་ཞུའི་འཛད་སྤྱོད་དུས་མཚུངས་ལས་12.1%འཕར་བའི་ནང་དྲ་ཐོག་རོལ་རྩེད་དང་དྲ་ཐོག་ཡུལ་སྐོར་དུས་མཚུངས་ལས་31.9%དང་25.4%སོ་སོར་འཕར་ཡོད།