འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་26ཉིན།

༄༅།།“ས་མཐོའི་གོ་ལ་ཧྲིལ་པོའི་ཅ་དངོས་ཡག་པོའི་འགྲེམས་སྟོན”ལས་བོད་ཀྱི་ཁྲོམ་རའི་གསོན་ཤུགས་གསར་པར་ལྟ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་26ཉིན། 13:52】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅང་མེང་ཁྲེན། ཕན་དབྱི་ཅིང་།

▶ ཉེ་བའི་ལོ་ཤས་རིང་། མཐའ་མཚམས་འགག་སྒོའི་སྟབས་བདེ་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བར་བརྟེན་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་ནུས་པ་སྔར་བས་གལ་འགངས་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་བོད་ཀྱིས་ནེ་པ་ལར་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་51.2ཟིན་པ་དེ་དུས་མཚུངས་ལས་84.8%འཕར་ནས་ཀྲུང་གོ་དང་ནེ་པ་ལའི་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་32.7%བཟུང་ཡོད།

འགྲེམས་ཚོང་པ་ཁག་གཅིག་འགྲེམས་ཚོགས་ཀྱི་གྲོགས་པོ་རྙིང་པ་ལྟ་བུར་གྱུར་ཡོད་ཅིང་། ཕ་ཁི་སི་ཐན་གྱི་ཚོང་པ་མཱ་ཧ་མའོ་ཏེས“ངའི་འགྲེམས་སྟེགས་ན་ནིང་1ལས་མེད་པ་ནས་ད་ལོ་3བར་རྒྱ་བསྐྱེད་བྱུང་ཡོད”ཅེས་བཤད།

འགྲེམས་ཚོང་པ་ལོ་བསྟུད་མར་འགྲེམས་ཚོགས་སུ་ཞུགས་པ་མ་ཟད། གྲོང་མི་མི་ཉུང་བ་ཞིག་ཀྱང་དེ་སྔོན་སླེབས་མྱོང་ཡོད་པ་རེད། “ན་ནིང་ཐུར་ཁེའི་ལག་བཟོས་གློག་སྒྲོན་ཞིག་ཉོས་པ་ཡིན། ད་ལོ་ཁང་པ་གསར་པར་སྤོས་པས་ད་དུང་ཁ་ཤས་ཉོ་འདོད་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་ཚོང་པས་ང་ད་དུང་ཡང་ངོ་ཤེས་ཀྱི་འདུག་ལ། ཆེད་མངགས་གློག་སྒྲོན་དཔེ་གསར་འོས་སྦྱོར་ཡང་བྱས་བྱུང”ཞེས་ལྷ་སའི་གྲོང་མི་བདེ་སྐྱིད་སྒྲོལ་མས་བརྗོད།

འགྲེམས་རྫས་སྣ་ཚོགས་ཡོད་ལ་འགྲེམས་ཚོང་པ་སེམས་རྩ་རབ་ཏུ་འཁོལ་ཞིང་། འཛད་སྤྱོད་པ་ཉོ་ཚོང་གི་ལས་ལ་བྲེལ། ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་འགྲེམས་ཚོགས་ལ་ཁེ་ལས་250ལྷག་ཙམ་དང་ཚོང་པ་600ཙམ་ཞུགས་པའི་ཡིད་དབང་བཀུག་པ་དང་། འགྲེམས་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་8000ཟིན་པ་དང་། འགྲེམས་རྫས་རིགས་1500ལྷག་ཙམ་ཡོད་པ་དེའི་ནང་རྒྱུན་མཁོའི་འཛད་རྫས་དང་། བཟའ་བཅའ་དང་བཏུང་བྱ། བཟོ་རྩལ་ཐོན་རྫས། ཁྱིམ་སྤྱོད་མཁོ་ཆས། རྒྱན་ཆ་སོགས་ཚུད་ཅིང་། འགྲེམས་ཚོགས་ཀྱི་གཞི་ཁྱོན་དང་འགྲེམས་རྫས་ཕུན་སུམ་ཚོགས་ཚད་སྐབས་དང་པོ་དང་བསྡུར་ན་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། ཚེས་17ཉིན་བར་ལྷ་སའི་ནང་འདྲེན་ཚོང་ཟོག་འགྲེམས་ཚོགས་སྐབས་གཉིས་པའི་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་5500ཟིན་པ་དང་། དར་ཁྱབ་ཆེ་བའི་རིགས་མང་པོ་འགྲེམས་ཚོགས་ཀྱི་ཉིན་དང་པོར་ལམ་སེང་བྲིན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། མཐའ་མཚམས་འགག་སྒོའི་སྟབས་བདེ་དང་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བར་བརྟེན་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་ནུས་པ་སྔར་བས་གལ་འགངས་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2024ལོར་བོད་ཀྱིས་ནེ་པ་ལར་ཕྱིར་གཏོང་དང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་51.2ཟིན་པ་དེ་དུས་མཚུངས་ལས་84.8%འཕར་ནས་ཀྲུང་གོ་དང་ནེ་པ་ལའི་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་32.7%བཟུང་ཡོད།

འཛད་སྤྱོད་པའི་དོ་ཁུར་དང་དགའ་བསུ་ཐོབ་པ་ལས་འགྲེམས་ཞུགས་ཁེ་ལས་དེ་བས་མང་བས་བོད་དུ“ས་ཆ་དེ་རང་ནས་ཚོང་ཁང་གཉེར་བའི”ཡིད་དབང་བཀུག་ཡོད། ཁ་དཀྲིས་དང་ས་གདན་སོགས་འཁལ་འཐག་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་གཙོ་བོར་ཚོང་གཉེར་བྱེད་མཁན་ཀུང་སིའི་འགན་འཁུར་བ་མན་ཏིས“ང་ཚོའི་ཐོན་རྫས་ལ་དགའ་བསུ་འདི་འདྲ་ཐོབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ང་ཚོས་གང་མགྱོགས་བོད་དུ་ཚོང་ཁང་གཉེར་གྱི་ཡིན”ཞེས་བཤད།

འགྲེམས་ཚོགས་སུ་ད་དུང“ལྷ་སའི་ཅ་དངོས་ཡག་པོ”དང“ལྷ་སའི་ཕྱིར་གཏོང་ནང་འདྲེན་ཁེ་ལས”ཀྱི་ཆེད་ཁུལ་བཙུགས་ནས་སྤོས་དང་། ཁུ་ལུའི་ཐོན་རྫས། ནས་ཀྱི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་དང་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་འགྲེམས་སྟོན་བྱས་ཏེ“ལྷ་སའི་ཅ་དངོས་ཡག་པོ”གོ་ལ་ཧྲིལ་པོར་འཚོང་བར་རམ་འདེགས་བྱས་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་བོད་དུ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་དང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་30.01ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཡོད།

བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་བདེ་སྒྲོན་གྱིས། བོད་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་གོམ་སྟབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ། འཛད་རྫས་སྤུས་ལེགས་སོགས་ཀྱི་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ནས་ཁྲོམ་རའི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་མངོན་བཞིན་ཡོད་ཅེས་བརྗོད་པ་རེད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)