གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་26ཉིན། 14:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2025ལོའི་ཟླ་5ཚེས་25ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལྭ་པོ་ཝོའི་ཐུན་མོང་གི་བདེན་དཔང་འོག ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་ཕན་ཀུང་ཧྲེང་དང་ཧིན་རྡུ་ཉི་ཞི་ཡའི་དངུལ་ཁང་གི་འགོ་འཛིན་ཕེ་ལི་·ཝ་ཅི་ཡུའེ་ཡིས་《ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་རང་གི་དངུལ་ལོར་བསྡོམས་རྩིས་མཉམ་ལས་སྒྲོམ་གཞི་འཛུགས་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་དང་ཧིན་རྡུ་ཉི་ཞི་ཡའི་དངུལ་ཁང་གི་བསམ་ཤེས་དྲན་ཐོ་》ལ་མིང་རྟགས་བཀོད་པ་རེད།
ད་ཐེངས་ཀྱི་བསམ་ཤེས་དྲན་ཐོ་ནི་ཕྱོགས་གཉིས་པོས་2020ལོའི་ཟླ་9ཚེས་30ཉིན་མིང་རྟགས་བཀོད་པའི་《རྒྱུན་གཏན་རྩིས་ཁྲའི་ཉོ་ཚོང་དང་ཐད་ཀར་མ་དངུལ་བཞག་པའི་དངུལ་ལོར་བསྡོམས་རྩིས་མཉམ་ལས་ཀྱི་སྒྲོམ་གཞི་འཛུགས་རྒྱུའི་སྐོར་གྱི་བསམ་ཤེས་དྲན་ཐོ་》རྒྱ་སྐྱེད་དང་རིམ་པ་སྤར་ཏེ། ཕྱོགས་གཉིས་པོའི་དངུལ་ལོར་བསྡོམས་རྩིས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་གཏན་རྩིས་ཁྲའི་ཉོ་ཚོང་དང་ཐད་ཀར་མ་དངུལ་འཇོག་པ་ནས་མ་རྩ་དང་དངུལ་རྩའི་རྩིས་ཁྲའི་ཉོ་ཚོང་ཚང་མའི་བར་རྒྱ་སྐྱེད་དེ། རྒྱལ་ཁབ་གཉིས་པོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དུ་ཆོག་པའི་ཁྱབ་ཁོངས་ནང་གཏོང་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་པོའི་ཉོ་ཚོང་དང་མ་དངུལ་འཇོག་པའི་ཁྲོད་རང་དངུལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་སྔར་ལྷག་བཏང་སྟེ། རྒྱལ་ཁབ་གཉིས་པོའི་དངུལ་ལོར་དང་དངུལ་རྩའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་རེད།