གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་27ཉིན། 09:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། ཆུ་བེད་པུས“རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་གཙོ་གནད་ཁྱབ་ཁོངས”ཀྱི་ཆུ་བེད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བདེ་བླག་ངང་འཕེལ་རྒྱས་བྱུང་སྟེ་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་2943.6ལེགས་གྲུབ་བྱུང་བ་དང་། རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་རིགས་ཁྲི་2.68ལག་བསྟར་བྱས་པའི་ནང་ཆུ་བེད་རྣམ་གྲངས་ཁག་11149གསར་དུ་ལས་འགོ་བཙུགས་ཡོད།
འདི་ལོ་ནས་བཟུང་། སྐྲུན་བཞིན་པའི་གཙོ་གནད་ཆུ་བེད་ལས་གྲྭ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་། རྨ་ཆུའི་ཀུའུ་ཞན་ཆུ་བེད་ལྟེ་གནས་དང་ཧོའེ་ཧོ་གཙང་པོ་རྒྱ་མཚོར་འབབ་པའི་ཆུ་ལམ་གྱི་དུས་ཐེངས་གཉིས་པ་སོགས་ཀྱི་ལས་གྲྭ་མགྱོགས་མྱུར་འཛུགས་སྐྲུན་དང་། འབྲི་ཆུ་ཧོའེ་ཧོ་གཙང་པོར་འདྲེན་པའི་དུས་ཐེངས་གཉིས་པའི་ལས་གྲྭ་ཕྱོགས་ཡོངས་ནས་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད་པ་དང་སྐྲུན་ཟིན་རྗེས་ཨན་ཧུའེ་བྱང་རྒྱུད་ཀྱི་རྫོང(གྲོང་ཁྱེར་དང་ཆུས)28ཀྱི་ཆུ་ཁུངས་བརྗེ་རྒྱུ་ཡིན་པ་རེད།