འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་27ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་བསྒྲགས་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་27ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་གྱིས《དམག་དོན་བཟོ་ལས་སྒྲིག་ཆས་གལ་ཆེན་སྲུང་སྐྱོང་སྐོར་གྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུས་ཡོད)ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ་9ཚེས་15ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན། 《སྲོལ་ཡིག》གི་དམིགས་ཡུལ་ནི་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་སྲུང་སྐྱོང་དང་། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་བེད་སྤྱོད་ཕན་ནུས་དང་དམག་དོན་བཟོ་ལས་ཀྱི་ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད་སོགས་ཀྱི་བྱེད་སྒོ་རྒྱུན་ལྡན་ངང་སྤེལ་བར་འགན་སྲུང་བྱས་ཏེ། རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། 《སྲོལ་ཡིག》ལ་ཁྱོན་ལེའུ་7དང་དོན་ཚན་51ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།

    གཅིག་ནི་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་ཁྱབ་ཁོངས་དང་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོས་ཡོད། ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་གྱི་ཁྱབ་ཁོངས་གཏན་འབེབས་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། ས་གནས་མི་དམངས་སྲིད་གཞུང་། འབྲེལ་ཡོད་དམག་དོན་ལས་ཁུངས། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་དོ་དམ་སྡེ་ཚན་སོགས་ཀྱི་འགན་འཁྲི་ཁ་གསལ་བཟོས་ཡོད།

     གཉིས་ནི་དམག་དོན་བཟོ་ལས་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་དབྱེ་འབྱེད་ཚད་ལྡན་དུ་བཏང་ཡོད། དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་རྣམས་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་དབྱེ་འབྱེད་བྱས་པ་བརྒྱུད་སྲུང་སྐྱོང་ལག་བསྟར་བྱ་རྒྱུ་ཁ་གསལ་བཟོས་པ་དང་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་དབྱེ་འབྱེད་དང་། ལེགས་སྒྲིག་བྱེད་པའི་གོ་རིམ་དང་བླང་བྱ་གཏན་འབེབས་བྱས་ཡོད།

    གསུམ་ནི་དམག་དོན་བཟོ་ལས་ཀྱི་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་བྱེད་ཐབས་ཁ་གསལ་བཟོས་ཡོད། དམག་དོན་བཟོ་ལས་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་གྱིས་དོ་དམ་ཚོད་འཛིན་སོགས་བདེ་འཇགས་འགོག་སྲུང་བྱེད་ཐབས་སྤྱོད་དགོས་པའི་གཏན་འབེབས་བྱས་པ་དང་། དམག་དོན་བཟོ་ལས་སྒྲིག་བཀོད་གལ་ཆེན་སྲུང་སྐྱོང་ཁུལ་གྱི་ཕྱི་སྐོར་བདེ་འཇགས་ཚོད་འཛིན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྲུང་སྐྱོང་བླང་བྱ་ཁ་གསལ་བཟོས་པ་མ་ཟད། དམག་དོན་བཟོ་ལས་སྒྲིག་བཀོད་གལ་ཆེན་བེད་སྤྱད་དེ་ཚན་རིག་ཞིབ་འཇུག་ཚོད་ལྟའི་བྱེད་སྒོ་གལ་ཆེན་སྤེལ་བ་སོགས་དམིགས་བསལ་གྱི་གནས་ཚུལ་སྲུང་སྐྱོང་བྱ་རྒྱུའི་སྐོར་གཏན་འབེབས་ཀྱང་བྱས་ཡོད།

     བཞི་ནི་དམག་དོན་བཟོ་ལས་སྒྲིག་བཀོད་དོ་དམ་སྡེ་ཚན་གལ་ཆེན་གྱི་འགན་འཁྲི་དང་འོས་འགན་ཤུགས་ཆེ་རུ་སྐྱེད་ཡོད། སྲུང་སྐྱོང་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་དོ་དམ་ལག་བསྟར་བྱེད་པ། འཕྲལ་སྡོམ་སྔོན་ཇུས་བཟོ་བ། བདེ་འཇགས་སྲུང་སྐྱོང་ཉེན་ཁའི་དཔྱད་དཔོག་བྱེད་པ་སོགས་ཀྱི་འགན་འཁྲི་ཁ་གསལ་བཟོས་པ་མ་ཟད། ནང་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་སོགས་ཐད་དུ་བླང་བྱ་ཁ་གསལ་བཟོས་ཡོད།

     ལྔ་ནི་ཕྱོགས་ཁག་གི་འགན་སྲུང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ཡོད། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་འགོད་བཟོ་འགོད་བྱེད་པ་སོགས་སུ་དམག་དོན་བཟོ་ལས་སྒྲིག་ཆས་གལ་ཆེན་སྲུང་སྐྱོང་གི་དགོས་མཁོ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་ཁ་གསལ་བཟོས་པ་དང་། ལས་རིགས་གཙོ་གཉེར་སྡེ་ཁག་དང་ས་གནས་མི་དམངས་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་དང་ཕྱོགས་བསྡུས་བཅོས་སྐྱོང་གི་འགན་འཁྲི་ཤུགས་ཆེ་རུ་སྐྱེད་ཡོད།