འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་28ཉིན།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཧྥུའུ་ཏན་སློབ་ཆེན་བཙུགས་ནས་ལོ་120འཁོར་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་28ཉིན། 10:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    རྟེན་འབྲེལ་འཕྲིན་ཡིག

    ཧྥུའུ་ཏན་སློབ་ཆེན་བཙུགས་ནས་ལོ་120འཁོར་བའི་མཚམས་སུ། ཕྲན་གྱིས་དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་རྣམས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།

ལོ་120ཡི་རིང་། ཧྥུའུ་ཏན་སློབ་ཆེན་གྱིས་དུས་རབས་དང་གོམ་བགྲོད་གཅིག་མཐུན་བྱས་ནས། གཟི་བརྗིད་ལྡན་པའི་རྒྱལ་གཅེས་སྲོལ་རྒྱུན་དང་སློབ་སྲོལ་བཟང་པོ་ཆགས་པ་དང་། ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱེད་པ། ཐོག་མའི་རང་བཞིན་གྱི་གྲུབ་འབྲས་མང་པོ་གཏོད་པ་བཅས་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཡར་ཐོན་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

    འགོ་འཛུགས་ས་གསར་པར། ཧྥུའུ་ཏན་སློབ་ཆེན་གྱིས་རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱེད་པ་དང་། སློབ་གསོའི་ཚན་ཞིབ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ཐབས་ཤེས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་བའི་རེ་བ་ཡོད།

ཞི་ཅིན་ཕིང་གིས།

2025ལོའི་ཟླ་5ཚེས་26ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་འབྱོར་བའི་གློག་འཕྲིན)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ཏེ་ཧྥུའུ་ཏན་སློབ་ཆེན་བཙུགས་ནས་ལོ་120འཁོར་བར་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་དང་ལས་བཟོ་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་རྣམས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་འཁོད་དོན། ལོ་120ཡི་རིང་། ཧྥུའུ་ཏན་སློབ་ཆེན་གྱིས་དུས་རབས་དང་གོམ་བགྲོད་གཅིག་མཐུན་བྱས་ནས། གཟི་བརྗིད་ལྡན་པའི་རྒྱལ་གཅེས་སྲོལ་རྒྱུན་དང་སློབ་སྲོལ་བཟང་པོ་ཆགས་པ་དང་། ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱེད་པ། ཐོག་མའི་རང་བཞིན་གྱི་གྲུབ་འབྲས་མང་པོ་གཏོད་པ་བཅས་བྱས་ཏེ། རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཡར་ཐོན་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགོ་འཛུགས་ས་གསར་པར། ཧྥུའུ་ཏན་སློབ་ཆེན་གྱིས་རྒྱུན་སྲིང་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱེད་པ་དང་། སློབ་གསོའི་ཚན་ཞིབ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། ཚན་རྩལ་རང་བརྟེན་གསར་གཏོད་དང་ཤེས་ལྡན་པ་རང་བརྟེན་གསོ་སྐྱོང་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ཐབས་ཤེས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་བའི་རེ་བ་ཡོད། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་བཀོད་ཡོད)

    ཧྥུའུ་ཏན་སློབ་ཆེན་1905ལོར་བཙུགས་ཤིང་། ལོ་120ཡི་རིང་། སློབ་གྲྭས“ཐོས་པ་རྒྱ་ཆེར་བཙལ་ནས་ཕུགས་འདུན་སྲུང་། གཞན་ལ་དྲི་བ་བཏོན་ནས་དོན་ལ་བསམ་པའི”སློབ་གྲྭའི་གདམ་ཚིག་རྒྱུན་འཁྱོངས་བྱས་ཏེ། ཁྱད་འཕགས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱས་ནས། རྒྱལ་ཁབ་ལ་ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད།