འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།ཐུམ་སྒྲིལ་སྟབས་བདེ་རུ་དང་རྣམ་པ་འཁྲུག་ཏུ་སོང་བའི་ལྔ་པའི་ཚེས་ལྔའི་གུང་གསེང་།

ཙོའུ་ཞང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:13】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ལྔ་པའི་ཚེས་ལྔའི་གུང་གསེང་རིང་ཐུམ་སྒྲིལ་སྟབས་བདེ་རུ་དང་རྣམ་པ་འཁྲུག་ཏུ་སོང་བའི་སྣང་ཚུལ་གཉིས་མཐོང་ཐུབ།

ལོ་སྒྲིལ་འབྲས་ཆན་གྱི་ཐུམ་སྒྲིལ་སྟབས་བདེ་རུ་སོང་ཞིང་། ཚོང་པས་རྒྱལ་ཁབ་ཀྱི་ཐུམ་སྒྲིལ་ཐད་ཀྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཏེ་ལག་རྟགས་སྒམ་གྱི་ཐུམ་སྒྲིལ་ཤོག་བུ་དང་ལྕགས་སོགས་ཀྱིས་བཟོ་གི་ཡོད། ད་ཆ་ཐུམ་སྒྲིལ་སྟབས་བདེ་རུ་ཕྱིན་ལ་ལོ་སྒྲིལ་འབྲས་ཆན་གྱི་རིན་གོང་ཡང་འཚམ་པའི་སྲོལ་གསར་སྤྱོད་བཟང་གི་རྣམ་པ་ཟམ་མི་ཆད་པར་མངོན་བཞིན་ཡོད།

རྣམ་པ་འཁྲུག་ཏུ་སོང་བའི་གུང་གསེང་གི་རོལ་སྟངས། ཀོང་ཏུང་ཧྥོ་ཧྲན་དུ་གྲུ་ཤན་འབྲུག་མགོ་མའི་འགྲན་བསྡུར་ཉིན་གསུམ་བསྟུད་མར་བྱས་པས“དམངས་སྲོལ་གྱི་ལྔ་པའི་ཚེས་ལྔའི”གུང་གསེང་ཧ་ཅང་འཁྲུག་ཆ་དོད་དུ་སོང་བ་དང་། པེ་ཅིང་ཀྲུང་གོ་ཚན་རྩལ་ཁང་དུ་ཕ་མ་བུ་ཕྲུག་མཉམ་དུ་བར་མཐོངས་ལས་བརྒལ་ནས་ཡི་གེ་མ་བྱུང་གོང་གི་འཛམ་གླིང་ལ་འཚོལ་ཞིབ་བྱས་ནས“ཚན་རྩལ་གྱི་ལྔ་པའི་ཚེས་ལྔའི”གུང་གསེང་གི་ཡིད་དབང་འཕྲོག་ཤུགས་མངོན།

ཐུམ་སྒྲིལ་སྟབས་བདེ་རུ་དང་རྣམ་པ་འཁྲུག་ཏུ་སོང་བ་ལས་མངོན་པ་ནི། གཞུང་འཁྱོངས་གསར་འབྱེད་ལ་བརྟེན་ནས་སྲོལ་རྒྱུན་དུས་ཆེན་ལ་བཀྲག་མདངས་བསྣན་པ་དེ་རེད། སྲོལ་རྒྱུན་དུས་ཆེན་ལ་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་ལྡན་ལ། བསམ་པའི་བརྟེན་ས་གལ་ཆེན་ཞིག་དེ་བས་ཡིན་པ་རེད། དེ་ལས་མངོན་པའི་དུས་རབས་ཀྱི་ཉམས་འགྱུར་གསར་པ་དེ་ནི“ཁུར་པོ་ཡང་གཏོང”དང“མཐུན་རྐྱེན་སྦྱོར་བ”དང་ཁ་འབྲལ་ཐབས་མེད། དེ་ལས་རིག་གནས་ཀྱི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱས་ཡོད་པ་མ་ཟད། མིག་སྔ་དང་མཉམ་འདྲེས་ཀྱིས་གསར་གཏོད་དང་འགྱུར་ལྡོག་ལ་བརྟེན་ནས་དུས་རབས་ཀྱི་བླ་སྲོག་བཏོད་ཡོད།

དེ་དང་ཆབས་ཅིག སྲོལ་རྒྱུན་དུས་ཆེན་གྱིས་ད་དུང་ལྷུ་ཚིགས་དང་གོ་སྐབས་མང་པོ་བསྐྲུན་ནས་ང་ཚོར་ལོ་རྒྱུས་དང་སྲོལ་རྒྱུན་ཁྲོད་བློ་སྒོ་འབྱེད་པ་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་དེ་བས་མང་བ་ལེན་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།