གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་03ཉིན། 10:27】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་དང་། ཡོ་རོབ། ཨ་རི་བཅས་ཀྱི་རིག་མཛོད་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་། ཡོ་རོབ། ཨ་རི་བཅས་ཀྱི་རྟེན་མཛོད་ཁང་མཉམ་ལས་ཀྱི་གྲོས་འགོ་ཡིས་ཧྥ་རན་སེའི་ཕ་རི་སིར་གླེང་མོལ་ཚོགས་འདུ་འཚོགས་པ་རེད།
བྱེད་སྒོའི་ཐོག“མ་འོངས་སྐོར་གླེང་། ཀྲུང་གོ་དང་། ཡོ་རོབ། ཨ་རི་བཅས་ཀྱི་ཤེས་དཔལ་སྤེལ་རེས་དང་ཞི་བདེ་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་ཏེ། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་འགྲེམས་སྤེལ་བྱ་གཞག་ཅུས་དེང་རབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་དང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་། ཀྲུང་གོ་དང་། ཡོ་རོབ། ཨ་རི་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲོས་འགོ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།