འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩའི་མོང་གོལ་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་འཚམ་པའི་རྒྱབ་སྐྱོར་རྣམ་གྲངས་སྤེལ་འགོ་ཚུཌ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 10:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཝུ་ལན་དཔའ་ཐུལ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩའི་མོང་གོལ་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་འཚམ་པའི་རྒྱབ་སྐྱོར་རྣམ་གྲངས་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཝུ་ལན་དཔའ་ཐུལ་དུ་དངོས་སུ་སྤེལ་འགོ་ཚུགས་ཤིང་། རྣམ་གྲངས་དེ་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩའི་ཨེ་ཤེ་ཡའི་བྱང་ཤར་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་འཚམ་པའི་རྣམ་གྲངས་ཐོག་མ་དེ་རེད།

    མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མིན་ཅོན་གྱིས་ཀྲུང་གོས་གསར་འཛུགས་བྱས་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩས་ད་བར་རྒྱལ་སྤྱིའི་རྩ་འཛུགས་20ལྷག་ཙམ་དང་མཉམ་ལས་བྱས་པ་མ་ཟད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་60ལྷག་ཙམ་ལ་རྣམ་གྲངས་160ལྷག་ཙམ་ལག་བསྟར་བྱས་ཡོད་ཅེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཐེབས་རྩའི་མོང་གོལ་རྒྱལ་ཁབ་ཀྱི་གནམ་གཤིས་འགྱུར་ལྡོག་ལ་འཚམ་པའི་རྒྱབ་སྐྱོར་རྣམ་གྲངས་ནི་ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་རྒྱ་གྲམ་དམར་པོའི་ཚོགས་པས་ཧུང་ཤིན་ཡུའེ་ཧུའེ་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་དང་མོང་གོལ་རྒྱལ་ཁབ་རྒྱ་གྲམ་དམར་པོའི་ཚོགས་པ་དང་མཉམ་ལས་ལག་བསྟར་བྱས་པ་ཞིག་རེད། རྣམ་གྲངས་ལག་བསྟར་གྱི་དུས་ཡུན་ནི་ལོ་གཉིས་ཡིན་པ་རེད།