འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།ཨུ་རུ་སུ་དང་ཨ་རིས་དོན་འདིར་གྲོས་མོལ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 15:01】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཚེས་1ཉིན་གྱི་དགོང་མོར་ཨུ་རུ་སུའི་ཕྱི་འབྲེལ་པུས་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཨ་རིའི་རྒྱལ་དོན་བློན་ཆེན་ལུའུ་པི་ཨའོ་དང་ཁ་པར་བརྒྱབ་སྟེ། ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་དང་འབྲེལ་བ་ཡོད་པའི་གནས་བབ་འཕེལ་རྒྱས་ལ་གྲོས་བསྡུར་བྱས་པ་རེད།

གནས་འཕྲིན་ནང་འཁོད་དོན། ལཱ་ཧྥུའུ་ལུའོ་ཧྥུའུ་དང་ལུའུ་པི་ཨའོ་ཡིས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད། ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གྲོས་འགོ་སྣ་ཚོགས་ཐད་བསམ་འཆར་བརྗེ་རེས་བྱས་པ་དེའི་ནང་ཚེས་2ཉིན་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པུར་དུ་ཨུ་རུ་སུ་དང་ཡུག་རེན་བར་ཐད་ཀར་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཚུད་ཡོད་པ་རེད།

གནས་འཕྲིན་ནང་འཁོད་དོན། ལུའུ་པི་ཨའོ་ཡིས་ཁ་པར་གཏོང་སྐབས་ཨུ་རུ་སུའི་པུའུ་ལེང་སི་ཁེ་མངའ་སྡེ་དང་ཁུའུ་ཨེར་སི་ཁེ་མངའ་སྡེའི་ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ལ་འབར་མདེལ་ཕོག་ནས་མི་སེར་ཤི་རྨས་བྱུང་བར་འཚམས་འདྲི་ཞུས་པ་རེད། ཨུ་རུ་སུའི་གཙོ་གཉེར་སྡེ་ཁག་གིས་དོན་རྐྱེན་དེར་བརྟག་དཔྱད་མཐར་ཕྱིན་པ་བྱེད་བཞིན་ཡོད་པ་དང་། བརྟག་དཔྱད་བྱས་འབྲས་གང་མགྱོགས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད། ཨུ་རུ་སུའི་ཕྱི་འབྲེལ་པུས་ཆག་སྒོ་སློང་མཁན་ངེས་པར་དུ་རྩད་བཅད་དེ་དེར་ཆད་པ་དགོས་ངེས་གཅོད་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།

གཞན་ཡང་། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ལ་གཞིགས་ན། ལུའུ་པི་ཨའོ་ཡིས་ཉིན་དེར་གདན་ཞུས་ལྟར་ལཱ་ཧྥུའུ་ལུའོ་ཧྥུའུ་དང་ཁ་པར་བརྒྱབ་པ་དང་། ཁ་པར་ནང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡིས་ཨུ་རུ་སུ་དང་ཡུག་རེན་གྱིས་མུ་མཐུད་ཐད་ཀར་གྲོས་མོལ་བྱས་ནས་ཡུན་རིང་ཞི་བདེ་མངོན་འགྱུར་ཡོང་བར་བྱེད་དགོས་པའི་རེ་འབོད་བྱེད་པ་བསྐྱར་བསྒྲགས་བྱས་པ་རེད།