འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་3ཉིན།

༄༅།།ལོ་ངོ་སྟོང་གི་འབྲུ་མིག་ཚགས་མའི་བྲོ་བ་མངར་མོ་རེད།

མི་དམངས་དྲ་བའི་“ཀྲུང་གོར་སྐྱོད་པའི་”ལེ་ཚན་གྱི་ཀོང་ཏུང་བརྟག་ཞིབ་བཅར་འདྲི་ཚོགས་པ། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་03ཉིན། 15:22】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཞིང་དུད་ཀྱིས་མའོ་མིང་ཀའོ་ཀྲུའུ་ཀེན་ཙི་གྲོང་རྡལ་ཀུང་ཡོན་དུ་འབྲུ་མིག་ཚགས་མ་འཐུ་བཞིན་པ།

ཞིང་དུད་ཀྱིས་མའོ་མིང་ཀའོ་ཀྲུའུ་ཀེན་ཙི་གྲོང་རྡལ་ཀུང་ཡོན་དུ་འབྲུ་མིག་ཚགས་མ་འཐུ་བཞིན་པ།

“མངར་ཞིང་དྲི་ཞིམ་ལྡན་པའི་འབྲུ་མིག་ཚགས་མའི་བྲོ་བ་མྱོང་རོགས།” དབྱར་འགོར། རླངས་འཁོར་བཏང་ནས་ཀོང་ཏུང་མའོ་མིང་ཀའོ་ཀྲུའུ་གྲོང་ཁྱེར་ཀེན་ཙི་གྲོང་རྡལ་པའེ་ཆའོ་གྲོང་ཚོར་བསྐྱོད་པའི་ལམ་དུ། དམར་མདོག་གི་འབྲུ་མིག་ཚགས་མའི་ཡལ་གའི་སྟེང་དུ་འབྲས་བུ་སྨིན་ཡོད་པ་མཐོང་ཐུབ། ཞིང་དུད་ཀྱིས་ཡུལ་སྐོར་བར་འབྲུ་མིག་ཚགས་མའི་བྲོ་བ་མངར་མོ་མྱོང་བར་འབོད་བཞིན་ཡོད།

མའོ་མིང་ཀའོ་ཀྲུའུ་ཀེན་ཙི་གྲོང་རྡལ་ཀུང་ཡོན་དུ་འབྲུ་མིག་ཚགས་མ་སྨིན་འདུག

མའོ་མིང་ཀའོ་ཀྲུའུ་ཀེན་ཙི་གྲོང་རྡལ་ཀུང་ཡོན་དུ་འབྲུ་མིག་ཚགས་མ་སྨིན་འདུག

པའེ་ཆའོ་གྲོང་ཚོར་གནས་པའི་“འབྲུ་མིག་ཚགས་མའི་རྟེན་རྫས་བཤམས་མཛོད་ཁང་”སྟེ། ཀུང་ཡོན་ནི་ཉེ་ལམ་རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་དང་། ལོ་རྒྱུས་ཡུན་རིང་ཤོས། སྣ་ཁ་ཆ་ཚང་ཤོས་བཅས་ཀྱི་གནའ་བོའི་འབྲུ་མིག་ཚགས་མའི་ལྡུམ་རའི་གྲས་ཤིག་རེད། ལྡུམ་རའི་ནང་དུ་འཛུལ་སྐབས། ཉི་འོད་འཚེར་ཞིང་། ཞིང་དུད་ཀྱིས་འབྲུ་མིག་ཚགས་མ་འཐུ་བར་བྲེལ་བ་དང་། ཡུལ་སྐོར་བ་རྣམས་དེའི་བར་དུ་འགྲོ་འོང་བྱེད་བཞིན་ཡོད། རི་མོ་མཁས་ཅན་གྱིས་སྨྱུ་གུ་བཟུང་ནས་འབྲུ་མིག་ཚགས་མའི་མཛེས་ལྗོངས་འབྲི་བཞིན་ཡོད།

མའོ་མིང་ཀའོ་ཀྲོའུ་ཀེན་ཙི་གྲོང་རྡལ་ཀུང་ཡོན་དུ་ཞིང་དུད་གཉིས་ཀྱིས་མཉམ་ལས་བྱས་ནས་འབྲུ་མིག་ཚགས་མ་འཐུ་བཞིན་པ།

མའོ་མིང་ཀའོ་ཀྲོའུ་ཀེན་ཙི་གྲོང་རྡལ་ཀུང་ཡོན་དུ་ཞིང་དུད་གཉིས་ཀྱིས་མཉམ་ལས་བྱས་ནས་འབྲུ་མིག་ཚགས་མ་འཐུ་བཞིན་པ།

འབྲུ་མིག་ཚགས་མའི་དྲི་ཞིམ་འཐུལ་ཞིང་། ཡུལ་སྐོར་བ་ཧོང་དང་གྲོགས་པོ་ཆེད་དུ་ཨའོ་མོན་ནས་མའོ་མིང་ལ་འབྲུ་མིག་ཚགས་མའི་བྲོ་བ་མྱོང་བར་ཡོང་བ་རེད། ཁོང་གིས་“ཉེ་བའི་ལོ་འགའི་རིང་ང་ཚོ་ལོ་རེར་མའོ་མིང་དུ་འབྲུ་མིག་ཚགས་མའི་བྲོ་བ་མྱོང་དུ་ཡོང་གིན་ཡོད། ད་ལོའི་འབྲུ་མིག་ཚགས་མར་བལྟས་ན་ཧ་ཅང་ཞིམ་པོ་འདུག་ལ། ཁ་ལ་ཟ་དུས་ཀྱང་ཧ་ཅང་མངར་མོ་ཞིག་རེད། དེ་མིན། འབྲུ་མིག་ཚགས་མའི་བག་ལེབ་ཀྱི་བྲོ་བའང་མྱོང་ཐུབ། འབྲུ་མིག་ཚགས་མའི་ནགས་ཚལ་དུ་འཆམ་འཆམ་བྱས་ན་ལྗང་མདོག་གིས་ཁེངས་པ་དང་ཧ་ཅང་སྐྱིད་པོ་འདུག་”ཟེར།

མའོ་མིང་ཀའོ་ཀྲོའུ་ཀེན་ཙི་གྲོང་རྡལ་དུ་ཞིང་དུད་གཉིས་ཀྱིས་འབྲུ་མིག་ཚགས་མ་གསར་པ་ལེགས་སྒྲིག་བྱས་ནས་དུས་ཐོག་ཏུ་ཚོང་ཟོག་སྐྱེལ་ཆེད་གྲ་སྒྲིག་ཡག་པོར་བྱེད་བཞིན་ཡོད།

མའོ་མིང་ཀའོ་ཀྲོའུ་ཀེན་ཙི་གྲོང་རྡལ་དུ་ཞིང་དུད་གཉིས་ཀྱིས་འབྲུ་མིག་ཚགས་མ་གསར་པ་དུས་ཐོག་ཏུ་ཚོང་ཟོག་སྐྱེལ་འདྲེན་བྱེད་ཆེད་གྲ་སྒྲིག་ཡག་པོར་བྱེད་བཞིན་ཡོད།

མའོ་མིང་ནི་རང་རྒྱལ་གྱི་འབྲུ་མིག་ཚགས་མ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས། འབྲུ་མིག་ཚགས་མ་འདེབས་འཛུགས་ལ་ལོ་2000ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། འབྲུ་མིག་ཚགས་མའི་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་120ལས་བརྒལ་ཡོད། ད་ལོ་མའོ་མིང་གི་འབྲུ་མིག་ཚགས་མ་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་142ཙམ་ཟིན་པ་དང་། ས་གནས་དེ་གས་“འབྲུ་མིག་ཚགས་མར་”བརྟེན་ནས། ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་ཐབས་ཧུར་ཐག་བྱས་ནས། ཀོང་ཏུང་ཞིང་ཆེན་གྱི་“རྫོང་བརྒྱ་དང་གྲོང་རྡལ་སྟོང་དང་གྲོང་ཚོ་ཁྲི་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་གཞིའི་”ཆེད་དུ་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་བཞིན་ཡོད།

མའོ་མིང་ཀའོ་ཀྲོའུ་ཀེན་ཙེ་གྲོང་རྡལ་ཀུང་ཡོན་དུ་ལོ་800ཙམ་ཡོད་པའི་གནའ་བོའི་འབྲུ་མིག་ཚགས་མའི་སྡོང་པོའི་ཡལ་ག་དང་ལོ་མ་རྒྱས་པ་དང་། འབྲུ་མིག་ཚགས་མའི་ཤིང་འབྲས་ཀྱིས་ཁེངས་ཡོད།

མའོ་མིང་ཀའོ་ཀྲོའུ་ཀེན་ཙེ་གྲོང་རྡལ་ཀུང་ཡོན་དུ་ལོ་800ཙམ་ཡོད་པའི་གནའ་བོའི་འབྲུ་མིག་ཚགས་མའི་སྡོང་པོའི་ཡལ་ག་དང་ལོ་མ་རྒྱས་པ་དང་། འབྲུ་མིག་ཚགས་མའི་ཤིང་འབྲས་ཀྱིས་ཁེངས་ཡོད།

【1】  【2】  【3】  【4】  【5】