འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་སུ་དམངས་དོན་ ཁྲིམས་གཞུང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་6ཚེས་1ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཕེང་ཁྲེང་ཞིང་ཟོག་ཁྲོམ་རར“ཁྲིམས་སྐྱོང་གི་སྲུང་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་བྱས་ནས་དཀའ་གནད་སེལ་བའི”དམངས་དོན་ཁྲིམས་གཞུང་ཁེ་ལས་སུ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་ཞིང་། གཉེར་སྐྱོང་བྱེད་པོ་50ལྷག་ཙམ་བྱེད་སྒོར་ཞུགས་ནས“བཅའ་ཁྲིམས་དང་དངུལ་རྩ་ཟུང་དུ་འབྲེལ་བའི”ཕྱོགས་གཉིས་ཀྱི་ཞབས་འདེགས་ཞུ་ཐབས་བརྒྱུད། ཁེ་ལས་ལ་དཀའ་ངལ་བསལ་བ་དང་མཐུན་རྐྱེན་སྦྱར་བ་རེད།

    བྱེད་སྒོ་སྤེལ་རིང་། གཞུང་ལས་ཁྲིམས་རྩོད་པས་ཁེ་ལས་གཉེར་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་གྱིས《དམངས་དོན་ཁྲིམས་གཞུང་གན་རྒྱའི་ནང་དོན་གྱི་ཁེ་ལས་ཀྱི་གན་རྒྱའི་ཉེན་ཁ་འགོག་ཟོན་དང་དངོས་སྤྱོད་མཛུབ་ཁྲིད》ལ་དམིགས་ཏེ་སྒྲོག་འགྲེལ་བྱས་པ་དང་། དཔེ་མཚོན་གྱི་གྱོད་དཔེ་བརྒྱུད་གན་རྒྱ་འཇོག་པ་དང་། ནུས་པ་འདོན་པ། འགན་འཁྲི་སྒྲུབ་པ། ཁེ་དབང་དང་འོས་འགན། གན་དོན་ལས་འགལ་བའི་འགན་འཁྲི་སོགས་ཐད་ཀྱི་ནང་དོན་གོ་བདེ་དོན་ཟབ་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་པ་རེད།