འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།ཟླ་བ་དང་པོ་ནས་བཞི་པ་བར་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་ལོ་གོང་མའི་དུས་མཚུངས་ལས་10.8%འཕར་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 11:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། བཟོ་ལས་དང་ཆ་འཕྲིན་ཅན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བཞི་པ་བར་གྱི་རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་42582ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.8%འཕར་བ་དང་ཡོང་འབབ་བརྟན་པོའི་ངང་འཕར་ནས་འཁོར་རྒྱུག་གི་རྣམ་པ་བཟང་པོ་མངོན་ཡོད།

མཉེན་ཆས་ལས་སྒོའི་ཁེ་སྤོགས་བསྡོམས་འབོར་འཕར་ཚད་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་ཕྱིར་གཏོང་བརྟན་པོའི་ངང་འཕར་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བཞི་པ་བར་གྱི་མཉེན་ཆས་ལས་རིགས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་5075ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་14.2%འཕར་བ་དང་མཉེན་ཆས་ལས་སྒོའི་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་172.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.5%འཕར་ཡོད།

མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། འདི་ལོའི་ཟླ་བ་དང་པོ་ནས་བཞི་པ་བར་གྱི་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་9933ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9.6%འཕར་ནས་ལས་རིགས་ཡོངས་ཀྱི་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་23.3%ཟིན་ཡོད། དེའི་ནང་རྨང་གཞིའི་མཉེན་ཆས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་536ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.6%འཕར་ཡོད། བཟོ་ལས་མཉེན་ཆས་ཐོན་རྫས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་913ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.3%འཕར་ཡོད།

ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། འདི་ལོའི་ཟླ་བ་དང་པོ་ནས་བཞི་པ་བར་གྱི་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་28415ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.5%འཕར་ནས་ལས་རིགས་ཡོངས་ཀྱི་ཡོང་འབབ་ནང་66.7%བཟུང་ཡོད། དེའི་ནང་སྤྲིན་རྩིས་དང་གྲངས་གཞི་ཆེན་པོའི་ཞབས་ཞུའི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་4658ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.4%འཕར་ནས་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ཡོང་འབབ་ནང་16.4%བཟུང་བ། འདུས་གྲུབ་གློག་ལམ་ཇུས་འགོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1210ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་18.0%འཕར་བ། གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་ལག་རྩལ་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་3341ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.1%འཕར་ཡོད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)