འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་4ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་དམག་དོན་མཁས་ཅན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ་བཅས་ཡིན་པའི་བློ་མཐུན་ཞུས་ཆི་ལེང་སྐུ་གཤེགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་04ཉིན། 11:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

བློ་མཐུན་ཞུས་ཆི་ལེང་འདས་པོའི་སྐུ་པར།

བློ་མཐུན་ཞུས་ཆི་ལེང་འདས་པོའི་སྐུ་པར།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་དམག་དོན་མཁས་ཅན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཞུས་ཆི་ལེང་སྙུན་གཞིས་རྐྱེན་པས་2025ལོའི་ཟླ་6ཚེས་2ཉིན་གྱི་ཆུ་ཚོད་12དང་སྐར་མ་12ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་75ཡིན་པ་རེད།

བློ་མཐུན་ཞུས་ཆི་ལེང་1966ལོའི་ཟླ་7པར་དམག་དཔུང་ལ་ཞུཌ་པ་དང་། 1967ལོའི་ཟླ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། 2007ལོའི་ཟླ་6པར་མཁའ་དམག་གི་ཧྲང་ཅང་དམག་དཔོན་གྱི་གོ་གནས་སྤྲད་པ་རེད།