སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་ནས་སྲིད་ཇུས་དང་བྱ་ཐབས་ཁག་7ཁ་གསལ་བཟོས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་04ཉིན། 11:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མི་སྤྱི་པུའུ་དང་། ནོར་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས《གཞུང་ཁོངས་ཁེ་ལས་ཀྱི་རྩལ་ནུས་ཤེས་ལྡན་པའི་གླ་ཕོགས་བགོ་བཤར་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས་སྲིད་ཇུས་དང་བྱ་ཐབས་ཁག་7ཁ་གསལ་བཟོས་ཏེ། གཞུང་ཁོངས་ཁེ་ལས་ཀྱིས་རྩལ་ནུས་ཁྲིད་སྟོན་དུ་བྱེད་པའི་གླ་ཕོགས་བགོ་བཤའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་སྟོན་བྱས་ནས། ཐོབ་ཐང་མཐོ་རུ་དང་རྩལ་ནུས་ཆེ་རུ་གཏོང་བའི་དགེ་མཚན་ལྡན་པའི་མཉམ་འགུལ་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
བརྡ་ཐོའི་ནང་། རྩལ་ནུས་ལས་གནས་ཀྱི་གླ་ཕོགས་བགོ་བཤའ་ལེགས་སུ་གཏོང་བ་དང་། ལས་མང་ཐོབ་མང་མཐའ་འཁྱོངས་བྱེད་པ། ལས་གནས་ཀྱི་གླ་ཕོགས་དང་ལས་གནས་ཀྱི་རིན་ཐང་དང་རྩལ་ནུས་ཀྱི་རིམ་པ་ཕན་ཚུན་ཟུང་འབྲེལ་གྱི་བྱ་ཐབས་ལག་ལེན་བསྟར་བ། རྩལ་ནུས་ལས་གནས་ཀྱི་ཐོག་མའི་གླ་ཕོགས་ལུགས་མཐུན་ངང་གཏན་འཁེལ་བཅས་བྱེད་དགོས་པའི་ནན་བཤད་བྱས་ནས། སྤྱིར་ན་དེ་མཚུངས་ཀྱི་འགན་རིམ་དོ་དམ་ལས་གནས་ལས་མི་དམའ་བའི་གླ་ཕོགས་ཀྱི་ཚད་གཞི་ལྟར་རྩལ་ནུས་ལས་གནས་ཀྱི་གླ་ཕོགས་རིམ་པ་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་དགོས་པ་བཏོན་ཡོད་པ་དང་། རྩལ་ནུས་ཤེས་ལྡན་པའི་ཆེད་དམིགས་ཕོགས་སྣོན་བཀོད་སྒྲིག་བྱེད་པ་དང་། རྩལ་ནུས་རིམ་པ་དང་ཟུང་འབྲེལ་གྱི་རྩལ་ནུས་རིམ་པའི་ཕོགས་སྣོན་ལམ་ལུགས་ལག་ལེན་བསྟར་བ། དེ་མཚུངས་ཀྱི་ཕོགས་སྣོན་ཚད་གཞི་ཁ་གསལ་བཟོ་བ་བཅས་བྱས་ནས་རྩལ་ནུས་མཐོ་པོ་ཡོད་མཁན་ལ་དེ་མཚུངས་ཀྱིས་ཐོབ་ཆ་མང་བ་ཡོད་པ་མངོན་དགོས་པའི་ནན་བཤད་བྱས་ཡོད།
བརྡ་ཐོའི་ནང་། རྩལ་ནུས་ཤེས་ལྡན་པའི་གླ་ཕོགས་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོགས་པ་ཀུང་སིས་གླ་ཕོགས་ཀྱི་བསྡོམས་འབོར་བགོ་བཤའ་རྒྱག་སྐབས་རྩལ་ནུས་ཤེས་ལྡན་པར་ཕྱོགས་ཤུགས་ཆེ་རུ་གཏོང་དགོས་པ་བཏོན་ཡོད།
གསར་གཏོད་གསར་བཟོའི་བྱ་དགའི་ལམ་ལུགས་འཛུགས་པ་དང་གསར་གཏོད་བྱེད་མཁན་ལ་མང་བ་ཐོབ་པ་མཐའ་འཁྱོངས་བྱས་ཏེ། རྩལ་ནུས་ཤེས་ལྡན་པའི་གསར་གཏོད་ཆུང་ངུ་དང་། གསར་བཟོ་ཆུང་ངུ་། གསར་བཅོས་ཆུང་ངུ་སོགས་རྒྱུན་གཏན་གྱི་གསར་གཏོད་ལ་རྣམ་གྲངས་རྐྱང་པའི་བྱ་དགའ་བཀོད་སྒྲིག་བྱེད་པ་དང་། བཟོ་རྩལ་ལག་རྩལ་གྱི་དཀའ་གནད་གལ་ཆེན་དང་སྤུས་ཚད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ་སོགས་ལག་རྩལ་གསར་བཅོས་སམ་ཡང་ན་ལག་རྩལ་འགག་སྒྲོལ་ཁྲོད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་རྩལ་ནུས་ཤེས་ལྡན་པར་ཆེད་དམིགས་བྱ་དགའ་སྤྲོད་རྒྱུ་དང་། རྩལ་ནུས་ཤེས་ལྡན་པའི་དུས་ཡུན་རིང་འབྲིང་གི་སྐུལ་ལྕག་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཤིང་། ཁེ་ལས་ལ་སྣ་མང་ཅན་གྱི་སྐུལ་ལྕག་བྱེད་ཐབས་གསར་གཏོད་བྱེད་པར་སྐུལ་མ་བཏང་སྟེ། གསར་གཏོད་བྱེད་ནུས་དང་། སྤུས་ཚད། ཕན་འབྲས། ལེགས་སྐྱེས་བཅས་ཕྱོགས་སྟོན་དུ་བྱས་པའི་རྩལ་ནུས་ཤེས་ལྡན་པའི་སྐུལ་ལྕག་དང་ཤེས་ལྡན་པར་དཔྱད་དཔོག་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་འགྲན་བསྡུར་བྱས་ནས་རྩལ་ནུས་ལས་གནས་དང་དེ་མཚུངས་རིམ་པའི་ཆེད་ལས་ལག་རྩལ་དང་དོ་དམ་ལས་གནས་ཕན་ཚུན་སྤོ་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
བརྡ་ཐོའི་ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྲིད་ཇུས་ཀྱི་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཀྱི་གླ་ཕོགས་བརྟག་དཔྱད་དང་ཆ་འཕྲིན་ཁྱབ་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ལས་རིགས(ལས་སྣ་དང་ལས་གནས)དང་རྩལ་ནུས་རིམ་པ་དབྱེ་བའི་གླ་ཕོགས་མཐོ་དམའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་ཁེ་ལས་ལ་ཆ་འཕྲིན་གྱི་དཔྱད་གཞི་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེས་ཞུས)