གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 10:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
2024ལོར་རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཁག་འཁོར་སྐྱོད་བརྟན་པོ་ཐུབ་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་དངུལ་འབོར་སྒོར་དུང་ཕྱུར་36317.83ཟིན་པ།
2024ལོར་སྡོད་ཁང་སྤྱི་གསོག་མ་དངུལ་དངོས་སུ་འཇལ་མཁན་ཚན་པ་ཁྲི་529ཡོད་པ་དང་དངོས་སུ་འཇལ་མཁན་མི་གྲངས་ཁྲི་17628.75ཡོད་པ་དེ་ལོ་གོང་མ་ལས་6.92%དང་1%སོ་སོར་འཕར་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྡོད་ཁང་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས《རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་2024ལོའི་ལོ་འཁོར་སྙན་ཞུ》མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཁག་འཁོར་སྐྱོད་བརྟན་པོ་ཐུབ་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་དངུལ་འབོར་སྒོར་དུང་ཕྱུར་36317.83ཟིན་པ་དང་། མི་ཁྲི་8127.04ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་ནས་སྒོར་དུང་ཕྱུར་27654.84བཏོན་པ། མི་སྒེར་གྱི་སྡོད་ཁང་དངུལ་བུན་ཁག་ཁྲི་230.56བཏང་བར་སྒོར་དུང་ཕྱུར་13043.07ཟིན་པ་བཅས་རེད།
སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཕན་པ་ཐོབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་སྟེ། 2024ལོར་སྡོད་ཁང་སྤྱི་གསོག་མ་དངུལ་དངོས་སུ་འཇལ་མཁན་ཚན་པ་ཁྲི་529ཡོད་པ་དང་དངོས་སུ་འཇལ་མཁན་མི་གྲངས་ཁྲི་17628.75ཡོད་པ་དེ་ལོ་གོང་མ་ལས་6.92%དང་1%སོ་སོར་འཕར་ཡོད། ས་གནས་ཁག་གིས་ཁང་པ་གླ་བར་དངུལ་འདོན་པའི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མི་གསར་པ་དང་གཞོན་ནུ་རྣམས་ཁང་པ་གླས་ནས་སྡོད་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལོ་ཧྲིལ་པོར་བསྡོམས་མི་ཁྲི་2257.44ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་ནས་སྒོར་དུང་ཕྱུར་2720.57བཏོན་ཏེ་ཁང་གླར་སྤྱད་པ་དེ་ལོ་གོང་མ་ལས་22.28%དང་33.93%སོ་སོར་འཕར་ཡོད། དངུལ་འཇལ་མཁན་གྱི་སྡོད་གནས་ཁོར་ཡུག་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལོ་ཧྲིལ་པོར་བསྡོམས་མི་ཁྲི་6.53གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་ནས་སྒོར་དུང་ཕྱུར་20.43བཏོན་ཏེ་གློག་སྐས་སྒྲིག་སྦྱོར་བྱེད་པ་སོགས་སྡོད་ཁང་སྒྱུར་བཀོད་ཐད་སྤྱད་ཡོད་པ་རེད། (ལྷག་ཚེས་བསྒྱུར། རིག་རྡོར་གྱིས་ཞུས)