གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ཧྥུའུ་ཀྲོའུ་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་30ནས་ཟླ་6ཚེས་2ཉིན་བར་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་འགྲེམས་ཚོགས་སྐབས་ལྔ་པ་ཧྥུའུ་ཀྲོའུ་རུ་འཚོགས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་བཟོ་རྩལ་མཛེས་རྩལ་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་3ལྷག་ཙམ་ཟིན་པ་དང་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལས་ཞུགས་མི་གྲངས་ཁྲི་1300ལྷག་ཙམ་ཟིན་ཡོད།
སྐབས་འདིའི་འགྲེམས་ཚོགས་ཐོག“བཟོ་རྩལ་མཛེས་རྩལ་གྱི་ཀྲུང་གོ སྤུས་རྟགས་ཕྱོགས་སུ་དར་རྒྱས་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ཡོངས་ཀྱི་འགྲེམས་ཞུགས་ཚན་པ་2000ལྷག་ཙམ་དང་ས་གནས་ཀྱི་ཁྱད་ལྡན་འགྲེམས་ཞུགས་ཚོགས་པ་50ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་ནས་རྫ་ཆས་དང་། བརྐོ་དཀྲོལ། འཚེམ་དྲུབ། ཤེལ་ཆས། ཡིག་ཆས་བཞི། ནོར་བུའི་རྒྱན་ཆ། སྤོས་གཞོང་དང་ཚོས་གཞོང་། ཙན་དན་དམར་པོའི་ནང་ཆས་སོགས་སྣ་ཁ་ཆ་ཚང་བའི་བཟོ་རྩལ་མཛེས་རྩལ་བརྩམས་ཆོས་ཁྲི་12ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་པའི་ནང་རྒྱལ་ཁབ་རིམ་པའི་མཁས་དབང་དང་། ཞིང་ཆེན་རིམ་པའི་མཁས་དབང་། དེ་བཞིན་རྒྱལ་ཁབ་ཆེན་པོའི་བཟོ་བོ་བཅས་མཁས་དབང་ཆིག་སྟོང་ལྷག་ཙམ་གྱིས་གསར་རྩོམ་བྱས་པའི་བརྩམས་ཆོས་རྩེ་གྲ་ཁྲི་གཉིས་ལྷག་ཙམ་ཚུད་ཡོད།