གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 10:24】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གནམ་གཤིས་ཅུས་དང་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི《མི་ཐབས་རིག་ནུས་ཀྱི་གནམ་གཤིས་བཀོལ་སྤྱོད་ཞབས་ཞུའི་བྱ་ཐབས》ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་ཏེ། མི་ཐབས་རིག་ནུས་ལག་རྩལ་དེ་གནམ་གཤིས་ཁྱབ་ཁོངས་སུ་མཉམ་འདྲེས་གཏིང་ཟབ་ངང་བཀོལ་སྤྱོད་བྱེད་པ་དང་ཚད་ལྡན་འཕེལ་རྒྱས་འགྲོ་བར་བདེ་འཇགས་ཀྱི་འགན་སྲུང་བྱས་ཤིང་། གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་མགྱོགས་པོ་མངོན་འགྱུར་ཡོང་བར་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།
ཀྲུང་གོ་གནམ་གཤིས་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཕན་ཅིན་ཅུན་གྱིས་བརྗོད་དོན། བྱ་ཐབས་ནང“བཅོས་སྐྱོང་མྱུར་པོ”རྩ་དོན་གལ་ཆེན་དུ་བྱས་པ་དང་། “རྒྱབ་སྐྱོར་དང་སྐུལ་འདེད”གཏོང་དགོས་ལུགས་ནན་བཤད་བྱས་ཏེ། མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་གསར་གཏོད་དང་ཁྲིམས་ལྟར་བཅོས་སྐྱོང་ཟུང་འབྲེལ་ལ་སྐུལ་འདེད་གཏོང་དགོས་པ་འཁོད་ཡོད།
བྱ་ཐབས་ནང་། གྲངས་གཞི་སྒོ་དབྱེ་དང་། རྩིས་རྒྱག་དཔེ་དབྱིབས་ཞིབ་སྤེལ། བཀོལ་སྤྱོད་ཡུལ་རྣམ་གྱི་མཐུན་རྐྱེན་སྦྱོར་བ་སོགས་ལ་དམིགས་ཏེ་ཞིབ་ཕྲའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་ཐབས་བཏོན་ནས་མི་ཐབས་རིག་ནུས་དང་གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་། སྔོན་བརྡ་དང་སྔོན་དཔག གྲངས་ཐང་སྔོན་བརྡ་སོགས་ཁྱབ་ཁོངས་མཉམ་འདྲེས་གཏིང་ཟབ་ངང་བཀོལ་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། མི་ཐབས་རིག་ནུས་ཀྱི་གནམ་གཤིས་བཀོལ་སྤྱོད་ཞབས་ཞུའི་ཡུལ་རྣམ་བསྐྲུན་པ་དང་ཆབས་ཅིག རྒྱལ་སྤྱིའི་གནམ་གཤིས་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་ཀྱི་བཀོལ་སྤྱོད་ཞབས་ཞུའི་འཕེལ་རྒྱས་དང་བཅོས་སྐྱོང་ནང་གནམ་གཤིས་གཙོ་གཉེར་ལས་ཁུངས་ཞུགས་རྒྱུའི་ཐད་གཏན་འབེབས་བཟོས་ཡོད།
བྱ་ཐབས་ནང་། གནམ་གཤིས་གཙོ་གཉེར་ལས་ཁུངས་ཀྱིས་ཡུལ་སྐོར་དང་། ནུས་རྒྱུ། འགྲིམ་འགྲུལ། དངུལ་རྩ་སོགས་གནམ་གཤིས་ཞབས་ཞུའི་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་མི་ཐབས་རིག་ནུས་ཀྱི་གནམ་གཤིས་བཀོལ་སྤྱོད་ཞབས་ཞུའི་ཡུལ་རྣམ་བསྐྲུན་པ་དང་། མི་ཐབས་རིག་ནུས་ཀྱི་གནམ་གཤིས་བཀོལ་སྤྱོད་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཐུབ་པར་ཤུགས་སྣོན་བརྒྱབ་ནས། མི་ཐབས་རིག་ནུས་ཀྱི་གནམ་གཤིས་བཀོལ་སྤྱོད་དཔེ་སྟོན་བྱེད་པ་དང་གནམ་གཤིས་ལས་སྒོའི་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་སྤོ་སྒྱུར་དང་། འཇུག་འཐུས། བཀོལ་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད། (བསྟན་འཛིན་བཟང་མོས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)