གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་05ཉིན། 13:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས་བཤད་དོན། བརྟག་དཔྱད་བྱས་པ་བརྒྱུད། “ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་ཧྲེན་པོ་དབྱང་གི་ཕ་ཧྲེན་ཐུའུ་ཁྲེང་གིས་ཐའེ་ཝན་གྱི་ཁེ་ལས་ཀྲའོ་དབྱི་ཚད་ཡོད་ཀུང་སིར་འགན་འཁུར་གྱིན་ཡོད། ཀུང་སི་དེས་སྐམ་ས་ཆེན་མོའི་ཁེ་ལས་ཁག་ཅིག་དང་ཉོ་ཚོང་གི་འགྲོ་འོང་དང་ལས་སྒོའི་མཉམ་ལས་བྱས་ནས་དེའི་ཁྲོད་ནས་དཔལ་འབྱོར་གྱི་ཁེ་ཕན་དོན་གཉེར་བྱེད་ཀྱིན་ཡོད། སྐམ་ས་ཆེན་མོ་ཕྱོགས་ཀྱིས་“ཐའེ་ཝན་རང་བཙན་གྱི་”ངན་རེངས་པ་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་སྐམ་ས་ཆེན་མོར་ཁེ་ཕན་དོན་གཉེར་གཏན་ནས་བྱས་མི་ཆོག་པར་བཟོ་རྒྱུ་དང་། ཀྲའོ་དབྱི་ཚད་ཡོད་ཀུང་སིར་ཆད་གཅོད་བསླབ་འདོམས་བྱས་ཏེ། དེས་སྐམ་ས་ཆེན་པོའི་རྩ་འཛུགས་དང་ཁེ་ལས། སྒེར་པ་བཅས་དང་ཉོ་ཚོང་དང་མཉམ་ལས་གང་ཡང་བྱས་མི་ཆོག་པ་མ་ཟད། དེར་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱོད་རྒྱུའི་ཐག་བཅད་པ་རེད།